དེ་རིང་ནི2025ལོའི་ཟླ05པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མུ་ཏིག་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-05-13 14:18:11   |   72

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མུ་ཏིག་ཉེར་ལྔ།

མུ་ཏིག་ཞོ་དོ། ཉ་ཕྱིས་ཞོ་དགུ། བྱུ་རུ་ཞོ་ལྔ། ཅུ་གང་སྲང་གང་། གུར་གུམ་སྲང་གང་། ལི་ཤི་ཞོ་བཞི་སྐར་ལྔ། ཛཱ་ཏི་ཞོ་བཞི། སུག་སྨེལ་ཞོ་བཞི། ཀོ་ལ་ཞོ་གསུམ་ཙན་དཀར་ཞོ་ལྔ། ཙན་དམར་སྲང་གང་། ཨ་གར་གཉིས་ཞོ་བརྒྱད། ཨ་རུ་སྲང་གང་ཞོ་གསུམ། བ་རུ་ཞོ་བརྒྱད། སྐྱུ་རུ་སྲང་གང་། རུ་རྟ་སྲང་གང་། ཤིང་ཚྭ་ཞོ་བརྒྱད། པི་ལིང་ཞོ་བཞི། སྡིག་སྲིན་ཞོ་ལྔ། གསེར་བྱེ་ཞོ་བཞི། བསེ་རུ་དཀར་པོ་ཞོ་དོ་སྐར་ལྔ། ཟི་དཀར་ཞོ་གསུམ་སྐར་ལྔ། ཟི་ནག་ཞོ་གསུམ་སྐར་ལྔ། ལྕམ་འབྲུ་ཞོ་བརྒྱད། འབྲི་ཏ་ས་འཛིན་སྲང་གང་། ཁ་གུར་ཞོ་དོ། གི་ཝང་སྐར་གཅིག རྒྱ་མཚལ་ཞོ་གསུམ། གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

མུ་ཏིག་ཉེར་ལྔ་སྙོམས་པས་རྩ་ནད་ཀྱིས། ཁྲག་གི་རྒྱུ་བ་ཉམས་དང་ཟུངས་ཁྲག་གསོ། ཁ་མིག་ཀྱོག་ཅིང་མགོ་འཁོར་དྲན་པ་ཉམས། ཁ་ལྐུགས་སེམས་འཆོལ་གཉིད་ཆུང་སྐྱུགས་པ་ཤོར། གཞོགས་གཅིག་ཚོར་བ་མེད་པ་སྐྲངས་སམ་སྐམ། བཙོག་གཅིན་ཤོར་རམ་ཡང་ན་གཉིས་ཀ་བཀག ཆུ་རྒྱུས་རེངས་འཁུམས་རྩ་དཀར་ནད་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།