དེ་རིང་ནི2025ལོའི་ཟླ05པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྨུག་པོའི་སེ་འབྲུ་བརྒྱད་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-05-12 08:33:16   |   33

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


སྨུག་པོའི་སེ་འབྲུ་བརྒྱད་པ། 

སེ་འབྲུ་ཞོ་བདུན། ཤིང་ཚྭ་ཞོ་དོ་སྐར་ལྔ། སུག་སྨེལ་ཞོ་གང་སྐར་བརྒྱད། པི་ལིང་ཞོ་དོ། མ་ནུ་ཞོ་བཞི། འུ་སུའི་ལོ་འབྲས་ཞོ་བརྒྱད་སྐར་ལྔ། སྒ་སྐྱ་ཞོ་གསུམ། རྒྱམ་ཚྭ་ཞོ་གང་སྐར་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་ག་རུང་བཟོ་རྒྱུ།

ཕན་ནུས།

སྨུག་པོའི་སེ་འབྲུ་བརྒྱུད་པ་བཟི་མེད་དྲོད། གྲང་བ་ལྷིང་ཆད་དྲོད་ཀྱིས་གསོ་བ་ཡིན། དྲོད་བཅུད་བསྟེན་ལ་བཤལ་གཏར་ལ་སོགས་སྤང་། བརྒྱད་དང་བཅུ་གཉིས་བཅུ་དྲུག་ནེ་རམ(མེ་བཙའ)རྡེག ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།