དེ་རིང་ནི2025ལོའི་ཟླ05པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མྱང་སྤྲས་ལྔ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-05-09 15:54:12   |   48

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


མྱང་སྤྲས་ལྔ་པ།

མྱང་རྩི་སྤྲས་སྲང་གང་ཞོ་ལྔ། གུར་གུམ་ཞོ་བརྒྱད། ཨ་རུ་ཞོ་བརྒྱད་སྐར་ལྔ། བྲག་ཁཎ་ཞོ་བཞི། གླ་རྩི་ལི་བཞི་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

མྱང་སྤྲས་ལྔ་པ་བཟི་མེད་བསིལ་འབྲིང་འདིས། ཕོ་ཚད་རྒྱུ་ཚད་ནད་ཀྱིས་བཤལ་བ་དང་། མཁྲིས་ཤས་ཆེ་བས་ཞེན་ལོག་དང་ག་འགག གཉན་རིམས་རྒྱུ་གཟེར་དམར་བཤལ་བཅས་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།