དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚན་ཕུད་ཐེངས་གཅིག་གིས་ལུས་པོའི་གཉན་ཚད་ཇེ་མཐོར་གཏོང་སྲིད།

2025-04-29 14:53:19   |   50

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང་།


སྤུས་ལེགས་ཀྱི་གཉིད་ནི་ལུས་པོར་མཚོན་ན་ཁམས་གསོ་བྱེད་པའི་བརྒྱུད་རིམ་གལ་ཆེན་ཞིག་ཡིན། ཁྱོད་ལ་མཚན་ཕུད་པའི་རྗེས་ནད་ཕོག་སླ་བ་དང་ཆམ་པ་ཕོག་སླ་བའི་མྱོང་ཚོར་ཡོད་དམ། མཚན་ཕུད་པའི་རྗེས་སུ་རིམས་འགོག་ནུས་པ་ཉམས་ཞན་དུ་གྱུར་པའི་རྐྱེན་གྱིས་ཡིན་ནམ། ཉེ་ལམ་གྱི་ཞིབ་འཇུག་གསར་ཤོས་ཤིག་ལས། དགོང་མོ་གཅིག་ལ་མཚན་ཕུད་པས་ཀྱང་། དངོས་གནས་རིམས་འགོག་ནུས་པ"ཐོར་ཞིག"ཏུ་གཏོང་ངེས། ཐེངས་གཅིག་ལ་མཚན་ཕུད་ནའང་རིམས་འགོག་ཕྲ་ཕུང་ལ་འགྱུར་ལྡོག་སློང་བ་དང་། དེ་ལས་གཉན་ཚད་ཇེ་མཐོར་འགྲོ་བ་རེད། 

图片1.png

གལ་ཏེ་ངེས་པར་དུ་མཚན་ཕུད་དགོས་ན། འདི་གསུམ་ངེས་པར་དུ་ཡིད་ལ་འཛིན་དགོས།

1.ཐང་ཆད་དུས་སྔོན་ལ་གཉིད་པ།

གལ་ཏེ་ཁྱོད་ཀྱིས་དགོང་མོར་ངེས་པར་དུ་ལས་སྣོན་བྱ་དགོས་ཚེ། གཉིད་བྲོ་བའི་སྐབས་སུ་སྔོན་ལ་ཅུང་ཙམ་གཉིད་དེ་ཆུ་ཚོད་ཅོང་ཐོག་ཏུ་བཞག་ཆོག དེའི་རྒྱུ་མཚན་ནི་གཉིད་མ་ཐག་པའི་སྐབས་སུ་གཉིད་ཤིན་ཏུ་ལྕི་བ་དང་། དེ་ནས་རིམ་བཞིན་ཇེ་ཡང་དུ་འགྲོ་བས། མགྱོགས་པོར་མིག་འགུལ་གཉིད་རིམ་བཞིན་ཇེ་མང་དུ་འགྲོ་བ་དང་། མགྱོགས་པོར་མིག་འགུལ་གཉིད་པའི་དུས་སུ་གཉིད་ལས་སད་སླ་བར་མ་ཟད། གཉིད་ལས་སད་རྗེས་ལྟོས་བཅས་ཀྱིས་ལུས་པོ་ཅུང་བདེ་བོ་ཡིན།     

2.ཉིན་གུང་གཉིད་པ།

དགོང་མོར་མཚན་ཕུད་ཚེ། ཉིན་མོར་གཉིད་ལོག་པ་དང་ལས་ཀའི་ནུས་པ་ཇེ་ཞན་དུ་འགྲོ་བར་གཡོལ་ཐབས་མེད། གལ་ཏེ་ཕྱི་དྲོར་ད་དུང་ལས་ཀ་ཡོད་ན། གུང་ཟས་ཀྱི་རྗེས་ནས་གཉིད་ཅུང་ཙམ་ལོག་ཆོག ཞིབ་འཇུག་ལས་ཤེས་པ་ལྟར་ན། ཉིན་གུང་གཉིད་པས་སློབ་སྦྱོང་གི་ནུས་པ་དང་བསམ་གཞིག་གི་ཚོར་སྐྱེན་ཚད་ཇེ་ལེགས་སུ་གཏོང་ཐུབ།

3.འཚོ་བཅུད་ཁ་གསབ་བྱེད་པ།

ཞིབ་འཇུག་མང་པོ་ལས་གསལ་བ་ལྟར་ན། མཚན་ཕུད་པ་དེ་ཚོ་ཆེ་བའི་ཉེན་ཁ་དང་རྐེད་པ་ཇེ་སྦོམ་དུ་འགྲོ་བ་ལ་འབྲེལ་བ་ཡོད། མཚན་ཕུད་པའི་རྗེས་སུ་འཚོ་བཅུད་ཡོད་པའི་ཟས་རིགས་མང་ཙམ་བཟའ་དགོས། དཔེར་ན། སྤྲི་དཀར་རྒྱུ་འདུས་པའི་སྒོ་ང་དང་ཤ་སྣག དེ་མིན་སྔོ་ཚལ་དང་སིལ་ཏོག་སོགས་ལྟ་བུ།


མཉམ་སྤྱོད།