དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱི་ཚེར་དྲུག་ཐང་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-04-29 14:37:59   |   29

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


བྱི་ཚེར་དྲུག་ཐང་།

ཤིང་མངར་སྲང་གཉིས། སྡིག་པ་སྲང་གང་། གཟེ་མ་སྲང་གང་། འབུ་དམར་སྲང་གང་། ཅུས་ཧྭ(菌花)སྲང་གཉིས། བྱི་ཚེར་སྲང་གང་། ཧྲོབ་བརྡུངས་བྱས་ནས་ཐང་བསྐོལ་ཏེ་ཐེངས་རེ་ཞོ་རེ་རེ་བཏུང་རྒྱུ།

ཕན་ནུས། 

བྱི་ཚེར་དྲུག་ཐང་བཟི་ཆུང་སྙོམས་པ་འདིས། མགོ་སྲིན་གདོང་སྲིན་ཡ་མ་སྲིན་གྱི་རིགས། རིམས་ཚད་གཉན་དང་སྡོང་པའི་ན་ཟུག་གཅོག ཁྱད་པར་མགོ་ཕྱེད་ན་ལ་བདུད་རྩི་འདྲ། མགོ་གཟེར་གཞན་གྱིས་ཕན་དཀའ་འདི་རང་ལེགས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།