དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལུས་རྩལ་འདི་གསུམ་སྙིང་ཁམས་ཁྲག་རྩར་ཤིན་ཏུ་ཕན།

2025-05-21 15:17:01   |   342

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་། 


ལུས་རྩལ་རིགས་འདི་གསུམ་ལ་སྙིང་ཁམས་ཁྲག་རྩའི་སྐུ་སྲུང་བ་ཞེས་སུ་འབོད་བཞིན་ཡོད། ཆེད་ལས་མཁས་པས། མི་ཁྲི་8ལ་རྗེས་འདེད་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ལུས་རྩལ་རིགས་འདི་གསུམ་གྱིས་རྐྱེན་ལམ་དུ་ཤོར་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་བ་དང་སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་བའི་ཐད་ནུས་པ་མངོན་གསལ་དོད་པོ་ཐོན་གྱི་ཡོད་ཅེས་བསྟན་ཡོད།

00300033399_a58dc73c.png

དང་པོ། གཡུག་འཕེན་ལུས་རྩལ། (བྱ་སྒྲོའི་སྤོ་ལོ་དང་། ཕིང་ཕང་སྤོ་ལོ་སོགས)

ལུས་རྩལ་དེ་རིགས་ཀྱིས་རྐྱེན་ལམ་བུ་ཤོར་བའི་ཉེན་ཁ་བརྒྱ་ཆ47གཅོག་ཐུབ་པ་དང་། སྙིང་ཁམས་ཁྲག་རྩའི་ནད་གཞིའི་རྐྱེན་གྱིས་འཆི་བའི་ཉེན་ཁ་བརྒྱ་ཆ16གཅོག་ཐུབ་ཀྱི་ཡོད།

ལུས་རྩལ་དེ་རིགས་ཀྱི་ལེགས་ཆ། ཤུགས་དྲགས་ཆེ་བའི་བར་གསེང་སྦྱོང་བརྡར་བྱས་ཚེ། མཐོ་གསུམ་དང་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པར་ཕན་ཐོགས་ཡོད་པ་མ་ཟད། སྙིང་དང་གློ་བའི་ནུས་པ་གསོ་རྒྱུར་ཡང་ཕན་ཐོགས་ཡོད་པས། རབ་བྱུང་ན་གཟའ་འཁོར་རེར་ཐེངས2ནས3བར་གྱི་ལུས་སྦྱོང་བྱ་དགོས་པ་དང་། ཐེངས་རེའི་དུས་ཡུན་སྐར་མ30ནས60བར་ཚོད་འཛིན་གནང་ན་ཡག་པོ་ཡོད།

00300033400_ceb24eb4.png

གཉིས་པ། ཆུ་རྐྱལ།

ཆུ་རྐྱལ་བརྒྱབ་ན་འཆི་བའི་ཉེན་ཁ་བརྒྱ་ཆ28གཅོག་ཐུབ་པ་དང་། སྙིང་ཁམས་ཁྲག་རྩའི་ནད་གཞིའི་རྐྱེན་གྱིས་འཆི་བའི་ཉེན་ཁ་བརྒྱ་ཆ41གཅོག་ཐུབ།

ལུས་རྩལ་དེ་རིགས་ཀྱི་ལེགས་ཆ། ཆུ་རྐྱལ་ནི་ལུས་པོ་ཡོངས་ལ་འགུལ་སྐྱོད་ཐེབས་པའི་ལུས་རྩལ་ཞིག་ཡིན་པ་དང། རུས་ཚིགས་ཀྱི་གནོན་ཤུགས་ཅུང་ཆུང་བས་རྒན་གཞོན་ཚང་མར་འཚམ་པོ་ཡོད་ལ། སྙིང་དང་གློ་བའི་ནུས་པ་གསོ་ཐུབ་པ་དང་། ད་དུང་ཤ་གནད་ཀྱི་ཤུགས་ཆེ་རུ་གཏོང་བ་དང་། ལུས་པོའི་ལྗིད་ཚད་དོ་དམ་བྱ་རྒྱུ། སྙིང་ཁམས་ཁྲག་རྩའི་བདེ་ཐང་བཅས་ལ་ཕན་ཐོགས་ཆེན་པོ་ཡོད། རབ་བྱུང་ན་གཟའ་འཁོར་རེར་ཆུ་རྐྱལ་ཐེངས2ནས3བར་རྒྱག་དགོས་པ་དང་། ཐེངས་རེར་སྐར་མ30ནས45བར་ཚོད་འཛིན་གནང་ན་ཡག་པོ་ཡོད།

00300033401_0e2aa902.png

གསུམ་པ། གསོ་རླུང་ལྡན་པའི་ལུས་རྩལ། (རྒྱུག་ཤར་གློད་པ་དང་། རྐང་འཁོར་བཞོན་པ།མགྱོགས་པོར་འགྲོ་བ།ཞབས་བྲོ་འཁྲབ་པ་སོགས)

ལུས་རྩལ་དེ་རིགས་ཀྱིས་འཆི་བའི་ཉེན་ཁ་བརྒྱ་ཆ27གཅོག་ཐུབ་པ་དང་། སྙིང་ཁམས་ཁྲག་རྩའི་ནད་གཞིའི་རྐྱེན་གྱིས་འཆི་བའི་ཉེན་ཁ་བརྒྱ་ཆ36གཅོག་ཐུབ། ལུས་རྩལ་དེ་རིགས་ཀྱི་ལེགས་ཆ། གསོ་རླུང་ལྡན་པའི་ལུས་རྩལ་རྒྱུན་འཁྱོངས་བྱས་ན་ཁྲག་འཁོར་རྒྱུག་ལ་སྐུལ་འདེད་གཏོང་ཐུབ་པ་དང་། སྙིང་རྩ་བསྡུ་འཁུམ་ནུས་པ་དང་ཁྲག་རྩའི་གཉེན་ཆ་ཆེ་རུ་གཏོང་ཐུབ་ལ། མཐོ་གསུམ་ཚོད་འཛིན་བྱེད་པར་ཕན་ཐོགས་ཡོད་ཅིང་། སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ། རབ་བྱུང་ན་གཟའ་འཁོར་རེར་གསོ་རླུང་ལྡན་པའི་ལུས་སྦྱོང་ཐེངས་5བྱེད་དགོས་པ་དང་། ཐེངས་རེར་སྐར་མ30ནས60བར་ལུས་སྦྱོང་གནང་ན་ཡག་པོ་ཡོད།


མཉམ་སྤྱོད།