དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཙོ་བོ་བརྒྱད་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-05-23 08:43:26   |   221

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


གཙོ་བོ་བརྒྱད་པ། 

ཙན་དཀར་སྲང་གང་། ཅུ་གང་སྲང་དོ་ཞོ་ལྔ། གུར་གུམ་སྲང་གང་ཞོ་ལྔ། རྒྱ་ཏིག་སྲང་གང་ཞོ་ལྔ། ཧོང་ལེན་སྲང་གང་ཞོ་ལྔ། བ་ཤ་ཀ་སྲང་གང་ཞོ་ལྔ། བོང་དཀར་སྲང་གང་ཞོ་ལྔ། གི་ཝང་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

གཙོ་བོ་བརྒྱད་པ་བཟི་མེད་བསིལ་ཆེ་བས། འགྲམས་འཁྲུགས་ཚ་བ་གསར་རྙིང་དོན་སྣོད་ཞེན། ཁྱད་པར་གློ་མཆིན་ཚ་བའི་ནད་རིགས་ཀྱིས། སྟོད་ན་སྐོམ་དད་ཆེ་ལ་དབུགས་སྣ་རྒོད། ཚ་དྲོད་ཆེ་ཞིང་གློ་མང་ཁ་ལྕེ་སྐམ། ལུད་པ་དམར་སེར་ཚྭ་བྲོ་མང་དུ་དོན། མགོ་ན་མིག་སྤྲིན་དམར་ལ་རྩིབ་སྟེང་གཟེར། བྱིས་པའི་ཚ་ནད་གློ་ཚད་བཅས་ལ་ཕན། ཐུན་ཚད་ན་ཚོད་ལུསསྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།