དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཙན་དན་བརྒྱད་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-05-26 09:54:45   |   64

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཙན་དན་བརྒྱད་པ།

ཙན་དཀར་སྲང་གང་། ཙན་དམར་སྲང་གང་ཞོ་ལྔ།  ཅུ་གང་སྲང་དོ།  གུར་གུམ་སྲང་གང་ཞོ་དོ། ལི་ཤི་ཞོ་ལྔ། རྒུན་འབྲུམ་དཀར་པོ་ཞོ་བདུན།   ཤིང་མངར་སྲང་གང་།  ག་དུར་རྩ་བ་སྲང་གང་ཞོ་ལྔ། སྲོ་ལོ་དཀར་པོ་སྲང་དོ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

ཙན་དན་བརྒྱད་པ་བཟི་མེད་བསིལ་འབྲིང་འདིས། གློ་བར་ཚད་པ་ཞུགས་དང་རྣག་ཁྲག་རྒྱས། གློ་མང་སྐབས་སུ་ལུད་པ་དམར་སེར་དོན། སྟོད་བརྒྱངས་རྩིབ་ལོགས་གཟེར་དང་དབུགས་སྣ་ཐུང་། ཁྱད་པར་གློ་ཚད་གཅོག་ཅིང་རྣག་ཁྲག་སྐེམ། བྱིས་པའི་གློ་ཚད་བཅས་ལ་ཕན་པ་ཡིན།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།