དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཙན་དན་བཅོ་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-05-27 08:48:58   |   75

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཙན་དན་བཅོ་བརྒྱད། 

ཙན་དམར་སྲང་གང་ཞོ་དོ། ཅུ་གང་ཞོ་བདུན། གུར་གུམ་ཞོ་བརྒྱད། ལི་ཤི་ཞོ་དོ། ཛཱ་ཏི་ཞོ་གང་སྐར་ལྔ། སུག་སྨེལ་ཞོ་གང་སྐར་ལྔ། ཀོ་ལ་ཞོ་གང་སྐར་ལྔ། ཨ་རུ་སྲང་གང་། སུམ་ཏིག་ཞོ་དྲུག རུ་རྟ་ཞོ་ལྔ། པྲི་ཡང་ཀུ་ཞོ་བདུན། རྒྱ་ཚོས་ཞོ་བདུན། བཙོད་ཞོ་བརྒྱད། འབྲི་མོག་སྲང་གང་། ཧོང་ལེན་ཞོ་བདུན། རེ་སྐོན་རྩི་དམར་ཞོ་བདུན། བ་ཤ་ཀ་ཞོ་བདུན། གི་ཝང་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

ཙན་དན་བཅོ་བརྒྱད་བཟི་མེད་ཅུང་ཟད་བསིལ། ཁྲག་ངན་རྒྱས་པས་མཆིན་མཚེར་རྩིབ་ལོགས་གཟེར། མགོ་ན་ཁ་ལྕེ་སྐམ་ལ་མིག་མི་གསལ། སྐད་འགག་གྲེ་བ་ཚ་ལ་མིག་རྩ་དམར། ཁྲག་རྩ་གད་དམ་སྐྲངས་དང་ཤ་འཁྲིག་དང་། སྨུག་པོས་འཁྲུ་སྐྱུགས་འདྲིལ་དང་རྒྱས་པར་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།