དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཙོ་བོ་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-05-28 08:27:28   |   45

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


གཙོ་བོ་ཉེར་ལྔ། 

ཙན་དཀར་ཞོ་བདུན་སྐར་ལྔ། ཅུ་གང་སྲང་གང་། གུར་གུམ་ཞོ་བདུན། རྒྱ་ཏིག་སུམ་ཏིག་ཞོ་བདུན། ཧོང་ལེན་ཞོ་བདུན། བ་ཤ་ཀ་ཞོ་བདུན། བོང་དཀར་ཞོ་བདུན། ཨ་རུ་སྲང་གང་ཞོ་གསུམ། བ་རུ་ཞོ་བརྒྱད། སྐྱུ་རུ་སྲང་གང་། མ་ནུ་ཞོ་བདུན། སླེ་ཏྲེས་སྲང་གང་། ཀཎྜ་ཀ་རི་སྲང་གང་ཞོ་ལྔ། སྒ་སྐྱ་ཞོ་ལྔ། སྟར་ཁཎ་ཞོ་གསུམ། རྒུན་དཀར་ཞོ་བདུན། ཤིང་མངར་སྲང་གང་ཞོ་ལྔ། ཟི་དཀར་ཞོ་ལྔ། སྤང་རྒྱན་ཞོ་བདུན། པ་ཡག་རྩ་བ་སྲང་གང་། སྲོ་ལོ་དམར་པོ་སྲང་གང་། སྲོ་ལོ་དཀར་པོ་ཞོ་བདུན། ཨ་ཀྲོང་ཞོ་བདུན་སྐར་ལྔ། སྨན་ཆེན་རྩ་ལོ་འདྲེས་མ་ཞོ་བརྒྱད། ག་དུར་ཞོ་དྲུག གི་ཝང་སྐར་ཕྱེད་གསུམ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

གཙོ་བོ་ཉེར་ལྔ་བཟི་འབྲིང་བསིལ་ཆེ་བས། ཚད་པ་ཆེ་ཆུང་གློ་དང་རུས་ལ་ཞེན། གློ་མཆིལ་འགོག་དཀའ་དབུགས་ཐུང་གྱེན་མི་འཕེར། གློ་ཡིས་བརྒྱལ་ཞིང་འཚངས་ནས་དབུགས་སྡུད་དཀའ། འགུལ་ན་གློ་སྐྱུགས་བྱེད་ཅིང་ཉལ་མི་བདེ། ལུད་པ་དམར་སེར་ཚྭ་བྲོ་དུད་ཁུ་ལུ། རོ་སྟོད་ཚ་ཞིང་རྩེ་ལ་བརྒྱངས་ཤིང་ཁེངས། ཁྱད་པར་གློ་ནད་ཚ་སུབ་ཚ་གཟེར་སོགས། གློ་བར་ཚད་པ་ཞུགས་པའི་རིགས་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།