དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བཙོ་ཐལ་སོ་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-05-29 10:25:20   |   30

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


བཙོ་ཐལ་སོ་ལྔ།(བཙོ་བཀྲུ་ཟླ་ཤེལ།)

བཙོ་ཐལ་ཞོ་ལྔ། ཅོང་ཞི་སྲང་བཞི། ཅུ་གང་ཞོ་གསུམ། སྨྱུག་ཅུ་གང་ཞོ་གསུམ། གུར་གུམ་ཞོ་བདུན། ལི་ཤི་ཞོ་དོ་སྐར་ལྔ། ཛཱ་ཏི་ཞོ་དོ་སྐར་ལྔ། སུག་སྨེལ་ཞོ་དོ་སྐར་ལྔ། ཀོ་ལ་ཞོ་དོ་སྐར་ལྔ། དུག་ཉུང་ཞོ་གསུམ་སྐར་ལྔ། ཙན་དཀར་ཞོ་བཞི། ཙན་དམར་ཞོ་ལྔ། ཨ་རུ་ཞོ་བརྒྱད་སྐར་ལྔ། སྐྱུ་རུ་ཞོ་བདུན་སྐར་ལྔ། གསེར་མེ་ཞོ་གསུམ་སྐར་ལྔ།  མ་ནུ་ཞོ་བརྒྱད། པི་ལིང་ཞོ་གསུམ་སྐར་ལྔ།  ཆུ་རྩ་ཞོ་བདུན་སྐར་ལྔ། ཁུར་རྩ་ཞོ་བདུན་སྐར་ལྔ། སུམ་ཏིག་ཞོ་ལྔ། བོང་དཀར་ཞོ་བདུན། བ་ཤ་ཀ་ཞོ་གསུམ་སྐར་ལྔ། ཧོང་ལེན་ཞོ་ལྔ་སྐར་ལྔ། ཨུཏྤལ་སྔོན་པོ་ཞོ་བདུན། ལུག་རུ་སྨུག་པོའི་མེ་ཏོག་ཞོ་བདུན། ཀོ་བྱིལ་ཞོ་ལྔ། སེ་འབྲུ་སྲང་གང་ཞོ་ལྔ། གུལ་ནག་ཞོ་བཞི། གངས་ཐིགས་ཞོ་བཞི། བྲག་ཁཎ་སྲང་གང་ཞོ་ལྔ། ལྕགས་རྩི་སྲང་གསུམ་ཞོ་ལྔ། པྲི་ཡང་ཀུ་ཞོ་བདུན། ཁ་གུར་ཞོ་གསུམ་སྐར་ལྔ། དོམ་མཁྲིས་སྐར་ལྔ། གི་ཝང་སྐར་དྲུག གླ་རྩི་སྐར་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

བཙོ་ཐལ་སོ་ལྔ་བཟི་མེད་ཅུང་ཟད་བསིལ། སྨུག་པོ་ཕོ་ནད་ཡུན་རིང་ལོན་པའི་ནད། བྲང་ཚ་ཕོ་མཆིན་རོ་རྒྱབ་ཚིགས་པ་ན། སྨུག་པོ་རྒྱས་དང་གབ་ཅིང་འཁྲུགས་པ་དང་། ཁ་ཟས་བཟོས་རྗེས་མ་ཞུ་ན་ཟུག་ཆེ། འཇུ་སྟོབས་ཆུང་ལ་ཡང་ན་སྒྲེགས་སྐྱུགས་མང་། ཕོ་བ་ཚ་ལ་རྨ་བྱུང་རྒྱ་བཤལ་དང་། ཁྲག་རུལ་དུད་ཁུ་སྐྱུགས་སམ་ཡང་ན་བཤལ། མ་ཞུ་གླང་ཐབས་སྲིན་ནད་ཆུ་སེར་སྐྲན། ཟས་དུག་ལ་སོགས་ཁོང་ནད་རྙིང་པའི་རིགས། གབ་ཚད་ཚད་རྙིང་འགྲམས་འཁྲུགས་འཐབ་པ་དང་།  སྐྱ་རྦབ་འོར་དང་ལྡན་འདུས་ནད་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།