དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྩི་སྦྱོར་བཅུ་གཅིག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-05-30 08:32:27   |   27

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


རྩི་སྦྱོར་བཅུ་གཅིག

ཨ་རུ་སྲང་ལྔ། བྲག་ཞུན་ཁཎྜ་སྲང་བཞི་ཞོ་ལྔ། ཅོང་ཞི་ཚ་འདུལ་སྲང་བཞི། གུར་གུམ་སྲང་བཞི། བསེ་ཡབ་སྲང་གསུམ་ཞོ་ལྔ། སྟར་ཁཎ་སྲང་གསུམ་ཞོ་ལྔ། སེ་འབྲུ་སྲང་གསུམ་ཞོ་ལྔ། འུ་སུ་སྲང་གསུམ་ཞོ་ལྔ། མ་ནུ་སྲང་གསུམ་ཞོ་ལྔ། ཨུཏྤལ་སྲང་གསུམ་ཞོ་ལྔ། པི་ལིང་སྲང་གསུམ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས(སྟོད་སྨད་བར་གསུམ་གྱི་ན་ཟུག་དང་སྦྱོར།)ཀ་ར་བུ་རམ་སྦྲང་རྩི་སྐབས་བསྟུན་གྱིས་རིལ་བུ་སྒྲིལ་ནས་ཐེངས་གཉིས་སམ་ཡང་ན་བད་སྨན་གཞན་དག་དང་ལྟག་སྤྲད་གཏོང་ཆོག

ཕན་ནུས།

རྩི་སྦྱོར་བཅུ་གཅིག་བཟི་མེད་ཅུང་ཟད་བསིལ། སྨུག་པོའི་ནད་རིགས་སྤྱི་དང་ཁྱད་པར་དུ། ཚ་བ་རྒྱས་ཤིང་འཁྲུག་པའི་དུས་ལ་གཏོང་། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།