དེ་རིང་ནི2025ལོའི་ཟླ06པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཛཱ་ཏི་བཅུ་བཞི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-06-03 15:54:37   |   41

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཛཱ་ཏི་བཅུ་བཞི།

ཛཱ་ཏི་ཞོ་ལྔ། ཤིང་ཀུན་ཞོ་གང་སྐར་ལྔ། ཁ་རུ་ཚྭ་ཞོ་གསུམ་སྐར་ལྔ། རྩབས་རུ་ཚྭ་ཞོ་གསུམ་སྐར་ལྔ། རྒྱམ་ཚྭ་ཞོ་གསུམ་སྐར་ལྔ། སྒ་སྐྱ་ཞོ་བདུན། ཕོ་རིལ་ནག་པོ་ཞོ་ལྔ་སྐར་ལྔ། པི་ལིང་ཞོ་བཞི། ཤིང་ཚྭ་ཞོ་བདུན། སེ་འབྲུ་ཞོ་བརྒྱད། ཨ་རུ་སྲང་གང་ཞོ་ལྔ། སླེ་ཏྲེས་སྲང་གང་། སྒོག་པ་ནུས་བསྲེག་ཞོ་གསུམ་སྐར་ལྔ། སུག་སྨེལ་ཞོ་གསུམ། བུ་རམ་སྲང་དོ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

 ཕན་ནུས།

ཛཱ་ཏི་བཅུ་བཞི་དྲོད་ཆེ་སྙིང་རླུང་གིས། དོན་མེད་ཁོང་ཁྲོ་ཟ་ཞིང་གཉིད་མི་ཁུག སྟོད་སྨད་ཕྱི་ནང་རླུང་རིགས་རླུང་ཚབས་དང་། སྙིང་དང་འབྲེལ་བའི་འབམ་གྲུམ་ནད་ལ་མཆོག ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།