དེ་རིང་ནི2025ལོའི་ཟླ06པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཛཱ་ཏི་ཉི་ཤུ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-06-04 16:05:54   |   134

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཛཱ་ཏི་ཉི་ཤུ།(བི་མ་ལ།)

ཛཱ་ཏི་ཞོ་བདུན་སྐར་ལྔ། ཨ་རུ་སྲང་དོ། སྤོས་དཀར་སྲང་གང་། ཨར་ནག་སྲང་གང་། ཙན་དམར་ཞོ་བརྒྱད། ཙན་དཀར་ཞོ་ལྔ། ཅུ་གང་ཞོ་བདུན་སྐར་ལྔ། གུར་གུམ་ཞོ་དགུ། ལི་ཤི་ཞོ་བཞི། སུག་སྨེལ་ཞོ་གསུམ་སྐར་ལྔ། ཀོ་ལ་ཞོ་གསུམ་སྐར་ལྔ། བ་རུ་ཞོ་བརྒྱད། སྐྱུ་རུ་སྲང་གང་། སེང་ལྡེང་ཞོ་བདུན། གོ་སྙོད་ཞོ་བརྒྱད། ག་དུར་རྩ་བ་ཞོ་དྲུག སྒོག་པ་ནུས་བསྲེག་ཞོ་གསུམ་སྐར་ལྔ། ཤིང་ཀུན་ཞོ་དོ། སྙིང་ཞོ་ཞོ་དྲུག་སྐར་ལྔ། གི་ཝང་སྐར་གཅིག་ཞོ་གསུམ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཛཱ་ཏི་ཉི་ཤུ་བཟི་མེད་བསིལ་དྲོད་སྙོམས། སྙིང་རླུང་ནད་ཀྱིས་སེམས་འཁྲུགས་འགྲོ་འདོད་ཚེ། ཤེས་པ་འཕྱོ་ཞིང་བློ་རྩུབ་ངར་ལངས་བྱེད། རོ་སྟོད་རྒྱབ་མདུན་གཟེར་ཞིང་འཚབ་འཚུབ་མང་། དྲན་པ་མི་གསལ་བརྗེད་ངས་ཆེ་བ་དང་། ཡིད་མུག་དོན་མེད་ངུ་ཞིང་ཡང་ན་རྒོད། དབུགས་སྣ་ཐུང་ཞིང་དབུགས་རིང་མང་དུ་འདོན། སྲོག་རླུང་བརྒྱལ་དང་སྨྱོ་བའི་ནད་ལ་ཕན། ཐུན་ཚོད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།