དེ་རིང་ནི2025ལོའི་ཟླ06པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཛག་གཅོད་བཅུ་བཞི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-06-05 08:36:58   |   41

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


འཛག་གཅོད་བཅུ་བཞི།(ཉི་ཟླ་གྱེན་ལྡོག)

གུར་གུམ་ཞོ་བདུན། སུག་སྨེལ་ཞོ་གསུམ། སེ་འབྲུ་ཞོ་ལྔ་སྐར་ལྔ། ར་མཉེ་ཞོ་ལྔ། ཉེ་ཤིང་ཞོ་ལྔ། ལྕ་བ་ཞོ་ལྔ། བ་སྤྲུ་ཞོ་བཞི། གཟེ་མ་ཞོ་ལྔ་སྐར་ལྔ། ཞུ་མཁན་ཞོ་ལྔ། རྒྱ་ཚོས་ཞོ་བཞི་སྐར་ལྔ། བཙོད་ཞོ་ལྔ། སྐྱེར་ཤུན་ཞོ་དྲུག དོམ་མཁྲིས་སྐར་ཕྱེད་གཉིས། ལུག་རུ་སེར་པོའི་མེ་ཏོག་སྲང་དོ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

འཛག་གཅོད་བཅུ་བཞི་བཟི་མེད་བསིལ་དྲོད་སྙོམས། མཁལ་མའི་དྲོད་ཤོར་མཁལ་རྩ་ཉམས་པ་འམ། བད་རླུང་སྟོད་འཁྱིལ་དབང་རྩ་ཉམས་པ་ཡིས། ཟ་ཁུ་གཅིན་པ་དང་འདྲེས་དོན་མེད་འཛགས། མཁལ་རྐེད་མི་བདེ་འབྲས་བུ་གྲང་མོར་འགྱུར། མགོ་འཁོར་གཉིད་ཆུང་ལུས་སྟོབས་ཉམས་པ་སོགས། ཁུ་བ་དཀར་དམར་འཛགས་པ་གཅོད་པར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།