དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་བྱེད་དྲུག་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-06-06 08:49:48   |   505

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཞི་བྱེད་དྲུག་པ། 

མ་ནུ་ཞོ་གསུམ་སྐར་ལྔ། སྒ་སྐྱ་ཞོ་དྲུག ཨ་རུ་ཞོ་དགུ་སྐར་ལྔ། ལྕུམ་རྩ་སྲང་གང་ཞོ་དོ། ཅོང་ཞི་སྲང་གང་ཞོ་ལྔ། བུལ་ཏོག་སྲང་གང་ཞོ་བརྒྱད་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཞི་བྱེད་དྲུག་པ་བཟི་མེད་བསིལ་དྲོད་སྙོམས། ཟས་མང་དྲགས་དང་སྣེ་མང་དུས་གཅིག་བསྟེན། ཕོ་བ་མ་ཞུ་སྦོས་བརྒྱངས་གླང་ཐབས་ལྡང་། ཐུར་སེལ་རྒྱུ་བ་ལོག་པས་བཤང་བ་འགག བུ་དང་ཤ་མ་མི་ཐོན་བཅས་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།