དེ་རིང་ནི2025ལོའི་ཟླ06པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་གསེར་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-06-09 10:00:42   |   22

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཞི་གསེར།

མ་ནུ་ཞོ་བདུན་སྐར་ལྔ། སྒ་སྐྱ་སྲང་གང་། ཨ་རུ་སྲང་དོ་ཞོ་ལྔ། ལྕུམ་རྩ་སྲང་དོ། ཅོང་ཞི་སྲང་གང་ཞོ་ལྔ། བུལ་ཏོག་སྲང་དོ་ཞོ་དོ་སྐར་ལྔ། གསེར་མེ་ཞོ་ལྔ། སེ་འབྲུ་སྲང་གང་ཞོ་ལྔ། ཕག་བྲུན་སྲང་དོ། བྲག་ཁཎ་ཞོ་བདུན་སྐར་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཞི་གསེར་མཉམ་བསྲེས་བཟི་མེད་བསིལ་དྲོད་སྙོམས། ཕོ་བ་སྦོས་གཟེར་སྒྲེགས་སྐྱུགས་བྱེད་པ་དང་། མ་ཞུའི་ཟས་གྲས་སླར་ཟས་ན་ཟུག་ལྡང་། བྲོ་མི་ཚོར་སོགས་སྙིགས་མ་མ་ཞུའི་ནད། སྒྲེགས་མང་དྲི་ཆེ་ཤ་སྐམ་དང་ག་འགག མཆིན་སྟེང་གཟེར་སོགས་དྭངས་མ་མ་ཞུའི་ནད། སྒྲེགས་བསུད་དབུགས་ངན་བསྲིས་དང་བཤང་བ་སྐམ། ཆུ་སྐྱུར་ལངས་སོགས་མ་ཞུ་བསུད་ཀྱི་ནད། ཕོ་ལོང་སྦོས་འཁྲོག་འཚེར་མས་འབྲབ་སྙམ་པར། སྟོང་སྐྱུགས་འོག་རླུང་མང་སོགས་ཕོ་རླུང་ནད། མཁྲིས་པ་འཁྲུ་སྐྱུགས་ཞེ་ལོག་དང་ག་འགག མིག་སྤྲིན་རྣ་རྒྱབ་སེར་སོགས་གྲང་མཁྲིས་ནད། བཤལ་སྐྱུགས་སྦོས་བརྒྱངས་ལ་སོགས་མཚེར་པའི་ནད། ཁྱད་པར་མ་ཞུའི་རིགས་དང་སྨུག་པོ་གཞི། ཕོ་རླུང་ཕོ་ལོག་ལ་སོགས་ཕོ་ནད་ཀུན། ཕན་པ་མ་གཏོགས་གནོད་པ་ཆེར་མ་མཐོང་། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།