རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།
ཞི་བྱེད་བཅུ་གཅིག
མ་ནུ་ཞོ་བཞི། སྒ་སྐྱ་ཞོ་བརྒྱད། ཨ་རུ་སྲང་གང་ཞོ་དོ། ལྕུམ་རྩ་སྲང་གང་ཞོ་དྲུག ཅོང་ཞི་སྲང་དོ། བུལ་ཏོག་སྲང་དོ་ཞོ་ལྔ། སྟར་ཁཎ་ཞོ་བདུན་སྐར་ལྔ། སྦྲུལ་ཤ་ཞོ་ལྔ། རྒྱ་ཚྭ་ཞོ་གསུམ་སྐར་ལྔ། སྡིག་སྲིན་ཞོ་ལྔ། འོལ་སེའི་འབྲུ་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།
ཕན་ནུས།
ཞི་བྱེད་བཅུ་གཅིག་སྙོམས་པས་སྐྱེ་ཟུག་གཅོག ཕྲུ་གུ་སྐྱེ་སླ་སྲིན་གླང་ན་བ་དང་། ཤ་མ་མ་ཐོན་འདྲིལ་རོའི་ནད་ལ་བསྔགས། ལྷག་པར་མོ་ནད་ཁྲག་སྐྲན་འདྲིལ་བ་བཤིག ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།