དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་བསྲེག་གཅོད་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-06-11 10:11:37   |   104

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཞི་བསྲེག་གཅོད་པ།

བྱང་བུལ་ལྷད་མེད་ཆུ་བཅད་སྲང་གསུམ། སྟར་ཁཎ་སྲང་གང་ཞོ་ལྔ། རྡོ་ཐལ་སྲང་གང་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཞི་བསྲེག་གཅོད་པ་བཟི་མེད་དྲོ་ལ་རྣོ། ཕོ་བའི་བེ་སྣབས་ལྷེན་དྲེག་མཁའ་ལ་གཏོར། སྐྲན་དང་མ་ཞུའི་བྲག་རི་ཐལ་བར་རློག གྲང་རྣག་ཁོང་འབྲས་མཚོ་མོ་གཏིང་ན་སྐེམ། བྱ་སླ་དོན་ཆེ་ཟབ་པའི་མན་ངག་ཡིན། འདི་དང་གླ་རྩི་ལྔ་པ་བསྡེབས་ཀྱང་རུང་། ཡང་ན་གླ་རྩི་ལྔ་པ་ལྟག་སྤྲོད་གཏོང་། བེ་སྣབས་ཟས་སྐྲན་གསར་པའི་རིགས་ལ་མཆོག ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།