དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བཟང་པོ་བཞི་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-06-12 11:23:58   |   122

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


བཟང་པོ་བཞི་པ།

ཛཱ་ཏི་ཞོ་བཞི། སུག་སྨེལ་ཞོ་བཞི་སྐར་ལྔ། ཀོ་ལ་ཞོ་བཞི། ལི་ཤི་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

བཟང་པོ་བཞི་པ་བཟི་མེད་དྲོད་ཆེ་བས། འཕར་སྒོ་དལ་ཞིང་རྒྱུ་ལོང་འུར་སྒྲ་ཆེ། ནུ་ཞོ་ལ་སོགས་ཟས་མདོག་མི་འགྱུར་འཁྲུ། ལུས་དྲོད་ཆུང་ཞིང་ལག་འཇིབ་ལྕེ་མུར་དགའ། བྱིས་ནད་གྲང་བབས་གྲང་འཁྲུར་བསྔགས་པ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།