དེ་རིང་ནི2025ལོའི་ཟླ07པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཡའ་ཀྱི་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-07-14 10:23:00   |   52

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


གཡའ་ཀྱི་ཉེར་ལྔ།

གཡའ་ཀྱི་ཁཎྜ་ཞོ་ལྔ། ཆུ་རུག་སྦལ་ལག་ཞོ་བཞི། རེ་རལ་ཞོ་གསུམ་སྐར་ལྔ། བ་ཤ་ཀ་ཞོ་བཞི། བྲེ་གའི་འབྲུ་ཞོ་དོ། བོང་དཀར་ཞོ་བཞི་སྐར་ལྔ། བེ་དོའི་འབྲས་བུ་ཞོ་གསུམ། རྩྭ་མཁྲིས་ཞོ་ལྔ། གསེར་མེ་ཞོ་དོ། སྐྱེར་ཤུན་ཞོ་བཞི། གསེར་ཕུད་ཞོ་གང་སྐར་ལྔ། ཨ་རུ་སྲང་གང་། བ་རུ་ཞོ་ལྔ། སྐྱུ་རུ་ཞོ་བརྒྱད། བ་ལེ་ཀ་ཞོ་དོ་སྐར་ལྔ། ལྕུམ་རྩ་ཞོ་བཞི། ཆུ་རྩྭ་ཞོ་བཞི། སྤང་སྤོས་ཞོ་གསུམ་སྐར་ལྔ། དུག་ཉུང་ཞོ་གསུམ། པར་པ་ཏ་ཞོ་བཞི། རུ་རྟ་ཞོ་བདུན་སྐར་ལྔ། ཛཱ་ཏི་ཞོ་བདུན་སྐར་ལྔ། ཧོང་ལེན་ཞོ་གང་སྐར་ལྔ། ཀྱི་ལྕེ་དཀར་པོ་ཞོ་བཞི། རེ་སྐོན་ཞོ་བཞི། བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

གཡའ་ཀྱི་ཉེར་ལྔ་བཟི་མེད་བསིལ་ཆེ་བས། ཚ་བ་ཁྲག་མཁྲིས་ལ་ཞུགས་ཤ་དྲོད་ཆེ། ཁ་ཁ་ལུས་ཉོབ་ཞེན་ལོག་སྐོམ་དད་ཆེ། མགོ་ན་ཁ་དོག་དམར་སེར་བཤལ་ལམ་སྐྱུགས། མཁྲིས་པ་འགྲམས་པས་ཤ་ལྤགས་སེར་བ་དང་། སྐྲ་དང་མིག་སྤུ་བུད་ནས་ཟ་འཕྲུག་ཚེ། པགས་མདོག་རིམ་པས་ནག་པོར་གྱུར་པ་དང་། ཤ་སེར་སེན་མོར་ནག་ཐིག་ཆགས་པར་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།