དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཡུ་རྙིང་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-07-16 08:44:14   |   63

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


གཡུ་རྙིང་ཉེར་ལྔ། 

གཡུ་རྙིང་ཞོ་ལྔ། མུ་ཏིག་ཞོ་གང་། བྱི་རུ་ཞོ་བཞི། ཅོག་ལ་ཞོ་དོ། ཨ་རུ་ཞོ་ལྔ། བ་རུ་ཞོ་ལྔ། སྐྱུ་རུ་ཞོ་བརྒྱད། ལྕགས་རྩི་སྲང་གསུམ། བྲག་ཁཎ་ཞོ་བཞི། ཙན་དཀར་ཞོ་བཞི། ཙན་དམར་ཞོ་ལྔ། བ་ལེ་ཀ་ཞོ་ལྔ། བ་ཤ་ཀ་ཞོ་ལྔ། རུ་རྟ་ཞོ་བརྒྱད། བོང་དཀར་ཞོ་བཞི། ཅུ་གང་ཞོ་གསུམ་སྐར་ལྔ། སྨྱུག་ཅུ་གང་ཞོ་གསུམ་སྐར་ལྔ། གུར་གུམ་ཞོ་བདུན། ལི་ཤི་ཞོ་དོ་སྐར་ལྔ། ཛཱ་ཏི་ཞོ་དོ། སུམ་ཏིག་ཞོ་བཞི་སྐར་ལྔ། ཨུཏྤལ་སྔོན་པོ་ཞོ་ལྔ། ནཱ་ག་གེ་སར་ཞོ་གསུམ་སྐར་ལྔ། ཁ་གུར་ཞོ་དོ། གི་ཝང་སྐར་གཉིས། གླ་རྩི་སྐར་ཕྱེད་གཉིས། སྟབ་སེང་ཁུ་བ་ཕབ་སྟེ་རིལ་བུ་སྒྲིལ་དུས་བརྒྱག་དགོས་པ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

གཡུ་རྙིང་ཉེར་ལྔ་བཟི་མེད་ཅུང་ཟད་བསིལ། མཆིན་ནད་ལེ་བརྒན་ལྡེམ་བུ་དུག་ཐབས་དང་། ཆུ་ཤོར་ལ་སོགས་མཆིན་ནད་ཚད་རིགས་ཀྱིས། མཆིན་སྟེང་རྩིབ་ཐུང་གཡས་གཡོན་སྦོ་ཞིང་ན། ཕོ་མཆིན་གང་སྙམ་བྱེད་ཅིང་ཟས་མི་འདོད། སྟོད་དང་དཔུང་མགོ་གཟེར་ལ་སྐེ་རྩ་རེངས། ཁྲག་རྒྱས་མགོ་ན་མིག་དམར་མཆན་འོག་གཟེར། ཨིག་ཀ་ཡང་ཡང་འབྱུང་ཞིང་སྣ་ཁྲག་འཛགས། གཉིད་ཚེ་ཁ་སྐོམ་རྩིབ་ལོགས་གཟེར་པ་དང་། ཆང་རག་འཐུང་ཆེ་དྲགས་ཤུལ་རྐྱེན་བྱས་ནས། གཞུག་ཏུ་མཆིན་པ་ལྔུར་ནས་དུད་ཁུ་དང་། ཁྲག་རུལ་སྐྱུགས་པ་བཅས་ལ་ཕན་པ་ཡིན། ཁྱད་པར་མཆིན་ནད་བཅོས་རྡུགས་ནད་རྙིང་ལ། ཡུན་རིང་བསྟེན་ན་ངང་གིས་གསོ་བར་འགྱུར། ཐུན་ཚད་ན་ཚོད་ལུསསྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།