དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཡེར་མིག་ཆུ་འདྲེན་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-07-18 09:25:54   |   176

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གཡེར་མིག་ཆུ་འདྲེན།

གཡེར་མའི་མིག་སྲང་གང་། གཟེ་མ་སྲང་གང་། ལྕམ་པ་སྲང་གང་ཞོ་ལྔ། སྐྱུ་རུ་རུས་མེད་སྲང་དོ། རྒྱ་ཚྭ་ཞོ་ལྔ། སྡིག་སྲིན་ཞོ་བདུན། གསེར་བྱེ་སྲང་གང་། ཤིང་མངར་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

གཡེར་མིག་ཆུ་འདྲེན་སྙོམས་ལ་ནུས་པ་རྣོ། མཁལ་རྩ་འགྲམས་པས་གཅིན་སྐྱེལ་མ་ནུས་དང་། ཡང་ན་ལྒང་པའི་རྩ་ཁ་འཆུས་པ་ཡིས། གཅིན་སྲི་རྒྱུ་སྨད་ལྒང་པ་ཆུ་ཁ་སོགས། ན་ཟུག་བཏང་སྟེ་ཆུ་བསགས་ལྟོ་སྦོས་ལ། བྱེ་ས་གོ་སྙོད་སོགས་ཀྱི་དྲོད་དུགས་དང་། སྨན་འདི་བཏང་ལ་ཆུ་འཕྱར་སྒྲར་ཉན་འཇུག དེ་ཡིས་གཅིན་སྲིའི་ནད་ལས་གྲོལ་བར་འགྱུར། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།