དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡུང་བ་བརྒྱད་སྦྱོར་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-07-21 09:25:31   |   215

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཡུང་བ་བརྒྱད་སྦྱོར། 

ཡུང་བ་ཞོ་ལྔ། གུར་གུམ་ཞོ་ལྔ། དབང་ལག་ཞོ་ལྔ། བ་སྤྲུ་ཞོ་ལྔ། གོ་ཡུ་ཞོ་ལྔ། སུག་སྨེལ་ཞོ་ལྔ། ལུག་རུ་སེར་པོ་ཞོ་ལྔ། སེ་འབྲུ་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཡུང་བ་བརྒྱད་སྦྱོར་བཟི་མེད་ཅུང་ཟད་དྲོ། བཅོས་རྡུགས་ཀུན་ལ་ནོར་བུ་དབང་རྒྱལ་འདྲ། ཁྱད་པར་མཁལ་མ་རྩ་གྲུམ་རྩ་དཀར་ནད། ཟབ་ཁྱད་ལག་ལེན་མྱོང་གྲུབ་བུ་ཡི་ལུགས། མུ་ཏིག་ཞོ་གཅིག་གླ་རྩི་སྐར་མ་ལྔ། བསྣན་པས་དེ་བས་ནུས་ཆེ་ལག་ལེན་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།