དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རུ་ཞི་མཉམ་བསྲེས་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-07-23 08:45:28   |   183

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


རུ་ཞི་མཉམ་བསྲེས།

རུ་རྟ་ཞོ་བརྒྱད། སྐྱུ་རུ་སྲང་གང་ཞོ་གསུམ། སེ་འབྲུ་སྲང་གང་ཞོ་ལྔ། བ་ཤ་ཀ་སྲང་གང་། སུག་སྨེལ་ཞོ་བཞི། པི་ལིང་ཞོ་ལྔ། མ་ནུ་ཞོ་བདུན་སྐར་ལྔ། སྒ་སྐྱ་ཞོ་དྲུག ཨ་རུ་ཞོ་བརྒྱད། ལྕུམ་རྩ་སྲང་གང་། ཅོང་ཞི་སྲང་གང་ཞོ་དོ། བུལ་ཏོག་སྲང་གང་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

རུ་ཞི་མཉམ་བསྲེས་བཟི་མེད་བསིལ་དྲོད་སྙོམས། སྨུག་པོ་གབ་དང་མ་ཞུའི་ནད་དག་གིས། དང་ག་མི་བདེ་ཟས་སྐོམ་འཇུ་བ་དཀའ། བཤལ་སྐྱུགས་མི་ཐབ་ཕོ་བ་སྦོས་བརྒྱངས་བྱེད། འགག་སྒྲེགས་ཆུ་སྐྱུགས་གླང་ཐབས་ལྡང་བར་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།