དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རུ་རྟ་བཅུ་གསུམ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-07-24 09:35:17   |   198

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


རུ་རྟ་བཅུ་གསུམ།(གཡུ་དྲིལ་བཅུ་གསུམ།) 

རུ་རྟ་སྲང་གང་། སྐྱུ་རུ་སྲང་གང་ཞོ་ལྔ། སེ་འབྲུ་སྲང་གང་། བ་ཤ་ཀ་སྲང་གང་། པྲི་ཡང་ཀུ་སྲང་གང་ཞོ་དོ། ཨུཏྤལ་སྔོན་པོ་ཞོ་བརྒྱད། རེ་སྐོན་ཞོ་བརྒྱད། ཡ་བཀྵ་ར་ཞོ་ལྔ། བྱི་ཏང་ཀ་ཞོ་བདུན། སུག་སྨེལ་ཞོ་བཞི། པི་ལིང་ཞོ་ལྔ། སྒ་སྐྱ་ཞོ་བརྒྱད། འུ་སུ་ལོ་འབྲས་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

རུ་རྟ་བཅུ་གསུམ་བཟི་མེད་བསིལ་དྲོད་སྙོམས། སྨུག་པོ་འཐབ་པས་ངེས་མེད་གླང་འཐབ་ལྡང་། ཕོ་མཆིན་མི་བདེ་སྒྲེགས་དང་ཆུ་སྐྱུར་སྐྱུགས། གཞན་ཡང་མ་ཞུ་ཕོ་ལོང་སྦོས་འགྱིང་བྱེད།  མོ་ནད་ཁྲག་ཚབས་ཕོ་ལོང་རྒྱུ་མར་བབས།  གྲང་རླུང་སྨུག་པོའི་ནད་ཀྱི་སྤྱི་སྨན་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།