དེ་རིང་ནི2025ལོའི་ཟླ07པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རླུང་བདུག་སོ་གཅིག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-07-25 09:56:50   |   74

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


རླུང་བདུག་སོ་གཅིག

ཨར་ནག་ཞོ་ལྔ། ཨ་གར་གོ་སྙོད་ཞོ་བརྒྱད། ཨར་སྐྱ་ཞོ་བཞི། ཙན་དཀར་ཞོ་གསུམ། ཙན་དམར་ཞོ་བདུན་སྐར་ལྔ། ཅུ་གང་ཞོ་གསུམ་སྐར་ལྔ། གུར་གུམ་ཞོ་བཞི། ལི་ཤི་ཞོ་དོ་སྐར་ལྔ། ཛཱ་ཏི་ཞོ་དོ་སྐར་ལྔ། སུག་སྨེལ་ཞོ་དོ། ཀོ་ལ་ཞོ་དོ། ཨ་རུ་ཞོ་དོ། བ་རུ་ཞོ་བཞི། སྐྱུ་རུ་ཞོ་བཞི་སྐར་ལྔ། མ་ནུ་ཞོ་ལྔ། ཀཎྜ་ཀ་རི་ཞོ་བརྒྱད། སླེ་ཏྲེས་ཞོ་བཞི། སྒ་སྐྱ་ཞོ་གསུམ། རུ་རྟ་ཞོ་བཞི་སྐར་ལྔ། སྙིང་ཞོ་ཞོ་གསུམ། ནཱ་ག་གེ་སར་ཞོ་གསུམ། ཀོ་བྱིལ་ཞོ་དོ་སྐར་ལྔ། སྤོས་དཀར་ཞོ་གསུམ་སྐར་ལྔ། སེ་འབྲུ་ཞོ་བཞི། བ་ཤ་ཀ་ཞོ་གསུམ་སྐར་ལྔ། སུམ་ཏིག་ཞོ་གསུམ་སྐར་ལྔ། ཧོང་ལེན་ཞོ་གསུམ་སྐར་ལྔ། ཚེར་སྔོན་ཞོ་གསུམ་སྐར་ལྔ། གཟེར་འཇོམས་མེ་ཏོག་ཞོ་བཞི་སྐར་ལྔ། མིང་ཅན་སེར་པོའི་མེ་ཏོག་སྲང་གང་། སྲོལ་དམར་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་མ་བཟོ་རྒྱུ།

ཕན་ནུས།

རླུང་བདུག་སོ་གཅིག་བཟི་མེད་བསིལ་དྲོད་སྙོམས། རླུང་གིས་སྟོད་འཚངས་ཁ་ལྕེ་སྐམ་པ་དང་། གཉིད་མེད་གཡལ་འདར་དོན་མེད་འཚིག་པ་ཟ། མགོ་ཡུ་འཁོར་དང་རྣ་བར་འུར་སྒྲ་སྒྲོགས། གློ་བུར་དྲན་མེད་བརྒྱལ་དང་རེངས་འཁུམས་བྱེད། ཟུངས་ཟད་རླུང་ནད་རིགས་ལ་དུ་བ་བདུག དཔྱི་རྐེད་རུས་ཚིགས་ཤ་ལྤགས་རླུང་གཟེར་དང་། ཕྲུ་གུ་འཁོར་རྗེས་རྒྱུ་སྨད་སྦོས་བརྒྱངས་ལ། གཟེར་ཟུག་ལངས་ས་གར་ཡོད་མར་བསྲེས་བྱུགས། དེ་རྗེས་རྩམ་པས་ཕུར་མཉེད་དག་པར་ཕྱིས། ཐུན་ཚད་སྐར་མ་གསུམ་སོགས་འཐད་པས་སྦྱོར།


མཉམ་སྤྱོད།