དེ་རིང་ནི2025ལོའི་ཟླ07པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རིམས་འགོག་ནག་པོ་དགུ་སྦྱོར་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-07-28 09:28:08   |   54

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


རིམས་འགོག་ནག་པོ་དགུ་སྦྱོར།

གི་ཝང་ཞོ་དོ། ཤུ་དག་ནག་པོ་ཞོ་དོ། ཨ་རུ་ནག་ཆུང་ཞོ་དོ། རྒྱ་སྣག་ཞོ་དོ། བོང་ནག་ཞོ་དོ། མུ་ཟི་ནག་པོ་ཞོ་དོ། ཤིང་ཀུན་ཞོ་དོ། གུལ་ནག་ཞོ་དོ། གླ་རྩི་ཞོ་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

རིམས་འགོག་ནག་པོ་དགུ་སྦྱོར་བཟི་ལ་དུགས། དྲི་ཆུས་བསྒྲིལ་བའི་རིལ་བུ་སྲན་འཕོས་ཙམ། ཐོ་རེངས་ལྟོ་སྟོང་དུས་ལ་རེ་རེ་མིད། ཡང་ན་ཕྱེ་མ་རས་འཐུམ་དྲི་མ་མནམ། ཉིན་རེར་ཐོ་རེངས་ལྟོ་སྟོང་མ་བརྗེད་གལ། དྲི་མ་མ་ཡལ་བར་ལ་གཉན་རིམས་སོགས། འགོ་བའི་ནད་རིགས་ཀུན་ལ་ཐེ་ཚོམ་མེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།