དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རིན་ཆེན་གཙུག་བཤལ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-08-01 09:11:54   |   53

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


རིན་ཆེན་གཙུག་བཤལ།

ཐར་ནུ་སྲང་གང་། དུར་བྱིད་སྲང་གང་། སྲུབ་ཀ་སྲང་གང་། དན་རོག་ཞོ་ལྔ། ཐལ་རྡོར་ཞོ་ལྔ། བྱང་ཁྲ་ཞོ་ལྔ། སེང་ལྡེང་སྲང་གང་། དབྱི་མོང་སྲང་གང་། སྤང་སྤོས་སྲང་གང་། གླ་རྩི་སྐར་ལྔ། རྒྱ་ཚྭ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཞིབ་བསྲེས་བྱེད་རྒྱུ། 

ཕན་ནུས། 

རིན་ཆེན་གཙུག་བཤལ་ཅུང་དྲོད་ནུས་པ་རྣོ། སྦང་མའི་གླུམ་གྱིས་གར་སླ་ཞོ་ཙམ་བྱས། སྲབ་མཐུག་ཀོ་ལྤགས་ཙམ་གྱིས་ཁྱབ་པར་བྲན། དེའི་སྟེང་ཟན་དྲོན་གཡོག་ལ་རས་ཀྱིས་བཏུམ། ནུབ་གཅིག་འཇིབ་འཇུག་ཆུ་བུར་རྡོལ་ནས་བཙིར། མགོ་བོ་སྐྲ་བཞར་གནས་གཞན་དྲེག་པ་བཀྲུས། གདོང་བཤལ་ཚིགས་བཤལ་ཀོ་ལེའི་བཤལ་སོགས་སྦྱོར། ཡ་མ་མིག་འགྲིབ་ཚིགས་ཆུ་ལྕེ་སྤྱང་མགོ། དྲེག་གྲུམ་འབྲས་སོགས་བ་སྤུའི་ཁུང་བུ་ནས། ཕུད་འདྲེན་བྱེད་ཅེས་སྔ་རབས་མཁས་པའི་ལུགས། བཅོས་ཐེངས་གཅིག་ལ་སྤྱིར་བཏང་ཉིན་གསུམ་སོགས། མང་ཉུང་གང་དགོས་ལག་ལེན་དངོས་ཀྱིས་དཔྱད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།