དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མིག་ལའང་ཉི་འགོག་བྱ་དགོས།

2025-08-01 09:26:08   |   48

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྨུག་ཕྱིའི་འོད་དྲག་པོས་མིག་ལ་གནོད་པ་ཐེབས་པ་དང་། དུས་ཡུན་རིང་བོར་ཉི་མར་ལྡེས་ན་སྐྱ་འགྲིབ་མིག་ནད་བྱུང་ནས། མཐོང་དངོས་རབ་རིབ་ཏུ་འགྱུར་བ་དང་མིག་ཤེད་ཇེ་ཞན་དུ་གཏོང་སྲིད་པར་མ་ཟད། ད་དུང་མཐོང་དངོས་ཀྱི་ཁ་དོག་ནག་པོར་འགྱུར་བ་དང་མཚན་མོ་མིག་ཤེད་ཇེ་ཞན་དུ་འགྲོ་བ། མཐོང་དངོས་ཀྱི་འདྲ་རིས་ལ་མདོག་མེད་པའམ་སེར་པོར་འགྱུར་བ། འོད་ཐིག་དང་དམར་འཚེར་འོད་ལ་ཚོར་བ་སྐྱེན་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་ཡིན།

སྨུག་ཕྱིའི་འོད་ཀྱི་རྩིབས་འཕྲོས་མིག་ལ་གནོད་པ་ཇེ་ཉུང་དུ་གཏོང་བའི་ཐབས་ནི། ཐད་ཀར་འོད་འཕྲོ་བ་ལས་གཡོལ་བ་དེ་ཡིན། མི་རྣམས་ཀྱིས་སྨུག་ཕྱིའི་འོད་ཀྱི་བསྡུར་གྲངས་མཐོ་བའི་སྐབས་སུ་ཕྱི་རོལ་དུ་སོང་ནས་འགུལ་སྐྱོད་མི་བྱེད་པ་དང་། ཕྱི་ལ་འགྲོ་སྐབས་ཞྭ་མོ་མཐའ་ཞེང་ཆེ་བ་དང་ཉི་འགོག་མིག་ཤེལ་གྱོན་ན། མིག་ལ་སྲུང་སྐྱོབ་ནུས་ལྡན་བྱེད་ཐུབ།


མཉམ་སྤྱོད།