དེ་རིང་ནི2025ལོའི་ཟླ08པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀ་ར་ཉུང་བའི་བཟའ་བཏུང་གིས་ལུས་པོ་སྔར་བས་གཞོན་ཤ་ཆགས་པར་བྱེད་ཐུབ།

2025-08-05 15:47:17   |   117

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།   མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཨ་རིའི་ཅ་ཀྲོའུ་སློབ་ཆེན་ཅིའུ་ཅིན་ཧྲན་ཡན་ལག་སློབ་གྲྭའི་ཞིབ་འཇུག་མི་སྣས་ཤེས་རྟོགས་བྱུང་བ་ལྟར་ན། འཚོ་རྒྱུ་དང་གཏེར་རྒྱུ་འདུས་པའི་བཟའ་བཏུང་ལ་བརྩི་སྲུང་བྱེད་པ་དང་། ལྷག་པར་དུ་ཀ་ར་མང་པོ་མ་བསྣན་པའི་བཟའ་བཏུང་བསྟེན་པ་དེ་དང་ཕྲ་ཕུང་གི་ཆུ་ཚད་སྟེང་དེ་བས་ལོ་ན་གཞོན་པའི་སྐྱེ་དངོས་ཀྱི་ལོ་ཚོད་བར་འབྲེལ་བ་ཡོད་པ་རེད།

123.jpg

ཞིབ་འཇུག་དེའི་ནང་ཞུགས་པའི་བུད་མེད་ཀྱིས་ཉིན་རེར་ཀ་ར་ཁེ2.7ནས316བར་བསྡུ་ལེན་བྱེད་པ་དང་ཆ་སྙོམས་ཉིན་རེར་ཀ་ར་ཁེ61.5བསྡུ་ལེན་བྱེད་བཞིན་ཡོད། འོ་མའི་ཁྲོག་ལེ་གཅིག་གི་ཁྲོད་ཀ་ར་ཁེ25ཙམ་འདུས་པ་དང་། ཧོ་ཧྲེང350ཅན་གྱི་ཁུ་ནག་ལྕགས་ཀྲིན་གཅིག་གི་ཁྲོད་ཀ་ར་ཁེ39ཙམ་འདུས་ཡོད། ཨ་རིའི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་མི་དར་མས་ཉིན་རེར་ཀ་རའི་བསྡུ་ལེན་བྱེད་ཚད་ཁེ50ལས་བརྒལ་མི་རུང་བའི་བསམ་འཆར་བཏོན་ཡོད།

ཞིབ་འཇུག་མི་སྣས་བདེ་ཐང་བཟའ་བཏུང་བཀོད་སྒྲིག་མི་འདྲ་བ་གསུམ་གྱིས“ཕྱི་མཐོང་རྒྱུད་འཛིན་དུས་ཚོད”ལ་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་ལ་ཞིབ་འཇུག་བྱས་པ་རེད། ཁོ་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། མི་རྣམས་ཀྱིས་བཟའ་བཅའ་ཇི་ལྟར་བདེ་ཐང་ཡིན་ན་ཕྲ་ཕུང་བལྟས་ཚོད་ཀྱིས་དེ་ལྟར་ལོ་ན་གཞོན་པ་རེད། དེ་ལ་ས་དབུས་རྒྱ་མཚོའི་བཟའ་བཏུང་རྒྱུན་འཁྱོངས་བྱེད་པ་དང་ཕྱི་མཐོང་རྒྱུད་འཛིན་ལོ་ཚོད་ཅུང་དམའ་བའི་བར་འབྲེལ་བ་ཆེས་ཆེ་བ་རེད། ཞིབ་འཇུག་ལས་ད་དུང་ཤེས་རྟོགས་བྱུང་བ་ལྟར་ན། བཟའ་བཏུང་བདེ་ཐང་ཡིན་ནའང་། མི་རྣམས་ཀྱིས་བསྡུ་ལེན་བྱས་པའི་ཀ་ར་ཁེ1རེ་ཇེ་མང་དུ་སོང་ན། ཕྱི་མཐོང་རྒྱུད་འཛིན་ལོ་ཚོད་ཇེ་མཐོ་རུ་འགྲོ་བ་དང་འབྲེལ་བ་ཡོད།


སྐབས་སྔོན་མ། མིག་ལའང་ཉི་འགོག་བྱ་དགོས།
སྐབས་རྗེས་མ། མེད།
མཉམ་སྤྱོད།