དེ་རིང་ནི2025ལོའི་ཟླ08པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལོང་སྐྲན་སེ་འབྲུ་བཅུ་གསུམ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-08-13 10:00:00   |   57

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ལོང་སྐྲན་སེ་འབྲུ་བཅུ་གསུམ།

སེ་འབྲུ་སྲང་གང་ཞོ་ལྔ། པི་ལིང་ཞོ་བཞི། སྒ་སྨུག་ཞོ་ལྔ། ཕོ་རིལ་ནག་པོ་ཞོ་ལྔ། ཛཱ་ཏི་ཞོ་གསུམ། སུག་སྨེལ་ཞོ་གསུམ། ཀོ་ལ་ཞོ་དོ་སྐར་ལྔ། གུར་གུམ་ཞོ་བརྒྱད། ཤིང་ཚྭ་ཞོ་དྲུག ཟི་ར་དཀར་པོ་ཞོ་བཞི། རྒྱམ་ཚྭ་ཞོ་གསུམ། ཨ་རུ་སྲང་གང་། ཁ་རུ་ཚྭ་ཞོ་དོ། བུ་རམ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ལོང་སྐྲན་སེ་འབྲུ་བཅུ་གསུམ་བཟི་མེད་དྲོད། སྨུག་པོ་ལོང་ལ་བབས་དང་ལོང་རླུང་གིས། སྦོ་འཁྲོག་བྱེད་ཅིང་བཙོག་པ་བཀག་པ་དང་། ཡང་ན་ཁ་ཟས་མ་འཇུ་མདོག་ལྟར་འཁྲུ། ཁྱད་པར་ལོང་སྐྲན་བཤིག་དང་མེ་དྲོད་སྐྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།