དེ་རིང་ནི2025ལོའི་ཟླ08པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལ་ཕུད་བཅོ་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-08-14 08:34:58   |   23

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ལ་ཕུད་བཅོ་ལྔ།

ལ་ལ་ཕུད་སྲང་གང་། ད་ཏྲིག་སྲང་གཅིག སྟར་བུ་སྲང་གཅིག སྒ་སྐྱ་ཞོ་ལྔ། སེ་འབྲུ་སྲང་གཅིག རྒྱ་ཤུག་ཞོ་ལྔ། ཀ་ར་ཞོ་ལྔ། འུ་སུ་སྲང་གང་། ཤིང་ཚྭ་སྲང་གང་། ཁ་རུ་ཚྭ་ཞོ་གསུམ། པི་ལིང་ཞོ་ལྔ། གོ་སྙོད་སྲང་གཅིག ཕོ་རིལ་སྲང་གང་། ལི་ཤི་སྲང་གང་། ཤིང་མངར་སྲང་གང་བཅས་གཙང་བཟོས་ཞིང་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ལ་ཕུད་བཅོ་ལྔ་བཟི་མེད་དྲོ་བ་འདིས། མེ་དྲོད་ཉམས་དང་བེ་སྣབས་རྩ་སྦུབས་འགག སྐྱུགས་དང་ཡིག་འཆུས་ཁ་ཟས་མི་འཇུ་བར། སྨན་འདི་བཏང་བས་ཕོ་བའི་མེ་དྲོད་གསོ། དང་ག་འབྱེད་ཅིང་ཁ་ཟས་འཇུ་སྟོབས་ཆེ། བེ་སྣབས་སེལ་དང་སྐྱུགས་པ་འགོག་པར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།