དེ་རིང་ནི2025ལོའི་ཟླ08པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལུམས་བསྡུས་བདུད་རྩི་ལྔ་ལུམས་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-08-15 09:52:32   |   21

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ལུམས་བསྡུས་བདུད་རྩི་ལྔ་ལུམས། 

རྒྱ་ཤུག་རྒྱ་མ་གསུམ། བ་ལུ་རྒྱ་མ་གསུམ། མཁན་དཀར་རྒྱ་མ་གསུམ། མཚེ་རྒྱ་མ་གསུམ། འོམ་བུ་རྒྱ་མ་གསུམ་བཅས་ཧྲོབ་ཙམ་བརྡུངས་ཏེ། ཆུ་ལ་བཙོས(བུལ་ཏོག་སྲང་གསུམ་འདེབས་དགོས)ནས་ཁུ་བ་རང་ཐིམ་བྱེད། ཆབས་ཅིག་འབྲུ་རྒྱ་མ་ལྔ་བཙོས་ཏེ་བསྲེས་ནས་ཆང་བསྙལ་བ་ནང་བཞིན(ཕབ་སྤྱིར་བཏང་ལས་སུམ་ལྡབ་རྒྱག་དགོས)བྱེད་པ་སོགས་ལུམས་ཀྱི་ལག་ལེན་ལས་ཤེས་པ་བྱ་དགོས།

ཕན་ནུས།

ལུམས་བསྡུས་བདུད་རྩི་ལྔ་ལུམས་བསིལ་དྲོད་སྙོམས། རྡོ་སྨན་ལ་སོགས་ཁ་ཚར་བཏབ་བྱས་ཏེ། ཉིན་རེ་ཐེངས་གཅིག་ཐེངས་གཉིས་ལུས་སྟོབས་དཔག དྲེག་གྲུམ་རྩ་དཀར་མཁལ་ནད་སོགས་ལ་ཕན། ཁྱད་པར་འབམ་ནད་གཏིང་འདོན་བྱེད་ལ་གལ། ཞེས་ཐུན་ཚད་ལུམས་རྒྱག་ཐེངས་གཅིག་ལ་རྒྱ་མ་གཉིས་གསུམ་བར་བྱས་ན་འགྲིག ལུས་སྟོབས་ལ་བལྟས་ན་ཉིན་རེར་ཐེངས་གཅིག་གམ་གཉིས། ཐེངས་རེར་ཡུན་ཚད་སྐར་མ་ཉི་ཤུ་ནས་སུམ་ཅུའི་བར་ཡིན་པ་སོགས་ལུམས་ཀྱི་ལག་ལེན་ལས་གསལ། ཉིན་བདུན་ལ་བཅོས་ཐེངས་གཅིག་ཡིན་ནོ།


མཉམ་སྤྱོད།