དེ་རིང་ནི2025ལོའི་ཟླ08པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤིང་ཀུན་བརྒྱད་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-08-18 10:30:42   |   31

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིང་ཀུན་བརྒྱད་པ།(ལུག་ཀླད་རིལ་བུ།)

ཤིང་ཀུན་ཞོ་དོ། ཨ་གར་གཉིས་སྲང་གང་ཞོ་ལྔ། ཏང་ཀུན་ལོ་འབྲས་སྲང་དོ། རུ་རྟ་སྲང་གང་། ཛཱ་ཏི་ཞོ་བཞི། ལི་ཤི་ཞོ་བཞི་སྐར་ལྔ། གོ་སྙོད་འབྲུ་སྲང་གང་། གུལ་ནག་ཞོ་ལྔ། ལུག་ཀླད་སྲང་གང་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཤིང་ཀུན་བརྒྱད་པ་བཟི་མེད་དྲོ་བ་འདིས། འབྲི་མར་ནང་བཙོས་ཆང་བཟང་རྟ་བྱས་གཏོང་། བད་རླུང་ནད་དང་རླུང་གིས་མགོ་ཡུ་འཁོར། མགོ་འཁོར་ལུས་སེམས་ལྕི་ལ་སྟོང་སྐྱུགས་བྱེད། ཟུངས་ཁྲག་ཞན་པས་ལུས་ཤེད་ཆུང་བ་དང་། ཁྱད་པར་བད་རླུང་ནད་ལ་ཕན་པ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།