དེ་རིང་ནི2025ལོའི་ཟླ08པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤིང་ཀུན་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-08-18 11:27:35   |   31

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིང་ཀུན་ཉེར་ལྔ།

ཤིང་ཀུན་ཞོ་གང་སྐར་ལྔ། འབྲོང་གི་སྙིང་ཁྲག་ཞོ་གང་སྐར་ལྔ། ལི་ཤི་ཞོ་བཞི། ཛཱ་ཏི་ཞོ་གསུམ། ཤིང་ཚྭ་ཞོ་ལྔ། སྒ་སྐྱ་ཞོ་ལྔ། པི་ལིང་ཞོ་གསུམ། ཕོ་རིལ་ནག་པོ་ཞོ་བཞི། སྤོས་དཀར་ཞོ་བཞི། གུལ་ནག་ཞོ་གསུམ། སེ་འབྲུ་ཞོ་ལྔ། སྒོག་པ་ནུས་བསྲེག་ཞོ་གང་སྐར་ལྔ། སུག་སྨེལ་ཞོ་གསུམ། ཨ་རུ་སྲང་གང་ཞོ་དོ། ཨར་ནག་ཞོ་བརྒྱད། གོ་སྙོད་འབྲུ་ཞོ་བཞི་སྐར་ལྔ། རུ་རྟ་ཞོ་བརྒྱད། མ་ནུ་ཞོ་བདུན། སླེ་ཏྲེས་ཞོ་ལྔ། རྒྱ་ཚོས་ཞོ་བཞི། ཤུ་དག་ཞོ་ལྔ། རྒྱམ་ཚྭ་ཞོ་དོ། སྨན་ཆེན་ཞོ་བཞི་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

ཤིང་ཀུན་ཉེར་ལྔ་བཟི་ཆུང་ནུས་པ་དྲོད། སྙིང་དང་སྲོག་རྩར་རླུང་ཞུགས་སྨྱོ་ལྐུགས་དང་། རུས་ཚིགས་ཤ་ལྤགས་རླུང་ཞུགས་གཟེར་ས་འཕོ། རྩ་རྒྱུས་རླུང་ཞུགས་ལུས་འཁུམས་འདར་སིལ་བྱེད། ཁྱད་པར་ཕྱི་ནང་བར་གྱི་རླུང་རྣམས་འཇོམས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།