དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤིང་ཀུན་ཅུར་ནིས་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-08-20 08:46:49   |   40

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིང་ཀུན་ཅུར་ནིས།

ཤིང་ཀུན་ཞོ་གང་། ཤུ་དག་ཞོ་གསུམ་སྐར་ལྔ། སེ་འབྲུ་ཞོ་ལྔ། སྒ་སྐྱ་ཞོ་བཞི། པི་ལིང་ཞོ་གསུམ་སྐར་ལྔ། ཕོ་རིལ་ནག་པོ་ཞོ་གསུམ་སྐར་ལྔ། དབྱི་མོང་དཀར་པོ་ཞོ་གསུམ། ཙི་ཏྲ་ཀ་ཞོ་གསུམ། སྤྲུ་དཀར་འབྲུ་ཞོ་དོ་སྐར་ལྔ། བསེ་ཡབ་ཞོ་གསུམ་སྐར་ལྔ། འུ་སུ་ལོ་འབྲས་ཞོ་བཞི། ཡ་བཀྵ་ར་ཞོ་གསུམ། མ་ནུ་ཞོ་ལྔ། ཟི་ནག་ཞོ་གསུམ། རྒྱམ་ཚྭ་ཞོ་དོ། ལ་ལ་ཕུད་ཞོ་གསུམ། ཨ་རུ་ཞོ་བརྒྱད། རུ་རྟ་ཞོ་གང་སྐར་ལྔ། ཁ་རུ་ཚྭ་ཞོ་གཉིས། བྱ་རྐང་མེ་ཏོག་ཞོ་བཞི། བུ་རམ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཤིང་ཀུན་ཅུར་ནིས་བཟི་མེད་ནུས་པ་དྲོད། བརླན་གྲང་ས་ཆུ་མི་འཕྲོད་ཕོ་བ་སྦོས། ཁ་ཟས་མི་འཇུ་གདོང་སྐྲངས་དབུགས་མི་བདེ། སྟོད་བརྒྱངས་ལུད་པ་མཆིན་མཚེར་རྩིབ་ལོགས་གཟེར། མཁལ་རྐེད་རྐང་ལག་སྐྲངས་དང་དྲི་ཆུ་སྲི། སྐྲན་དང་སྐྱ་རྦབ་དམུ་རྫིང་སྐྱུགས་པ་དང་། རླུང་གི་ནད་དང་མིད་པ་འཆུས་པར་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།