དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤིང་མངར་དྲུག་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-08-21 16:20:12   |   66

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིང་མངར་དྲུག་པ།

ཤིང་མངར་སྲང་གང་། བསེ་ཡབ་ཞོ་བརྒྱད། བྱི་ཏང་ཀ་ཞོ་ལྔ། གོ་སྙོད་འབྲུ་གུ་ཞོ་བཞི། འུ་སུའི་ལོ་འབྲས་ཞོ་བདུན། འབྲས་ཡོས་ཞོ་བརྒྱད་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཤིང་མངར་དྲུག་པ་བཟི་མེད་བསིལ་དྲོད་སྙོམས། མ་ཞུའི་ལྷེན་དང་ལྕགས་དྲེག་ཁོང་འབྲས་དང་། སྨུག་པོའི་སྲིན་འབུ་གྱེན་རྒྱུག་མི་སྡུག་མཐོང་། དྲི་ངན་ལ་སོགས་རྐྱེན་གྱིས་སྐྱུགས་པ་ལ། སྨན་འདི་བཏང་བས་སྐྱུགས་པ་གཅོད་པར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།