དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སླེ་ཏྲེས་ལྔ་ཐང་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-03 08:25:17   |   41

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སླེ་ཏྲེས་ལྔ་ཐང་། 

སླེ་ཏྲེས་སྲང་གང་། ཨ་རུ་སྲང་གང་། བ་རུ་ཞོ་བདུན། སྐྱུ་རུ་ཞོ་བརྒྱད། རྒྱ་ཏིག་ཞོ་ལྔ་བཅས་གཙང་བཟོས་ཧྲོབ་བརྡུང་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

སླེ་ཏྲེས་ལྔ་ཐང་བཟི་མེད་ཅུང་ཟད་བསིལ། འགྲམས་འཁྲུགས་རྐྱེན་བྱས་དྲེག་གྲུམ་ཆུ་སེར་ནད། མཁལ་རྐེད་ལ་བྱེར་མཁལ་རྩ་ཞན་པ་དང་། མཁལ་རྩ་རེངས་དང་ཡང་ན་གྱོང་པོ་བྱེད། དགྱེ་དགུ་དཀའ་ཞིང་ན་ཟུག་གཏོང་བ་བཅས། ཁྱད་པར་མཁལ་ཚད་རིགས་ལ་ཐོག་མར་གཏོང་། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།