དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སེ་འབྲུ་ལྔ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-04 08:58:46   |   32

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སེ་འབྲུ་ལྔ་པ། 

སེ་འབྲུ་སྲང་དོ་ཞོ་ལྔ། ཤིང་ཚྭ་ཞོ་བརྒྱད། སུག་སྨེལ་ཞོ་བཞི། པི་ལིང་ཞོ་ལྔ། སྒ་སྨུག་ཞོ་བརྒྱད་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

སེ་འབྲུ་ལྔ་པ་བཟི་མེད་དྲོད་ཆེ་བས། མེ་དྲོད་ཉམས་ཤིང་བད་ཀན་ཟས་མི་འཇུ། མ་ཞུ་བེ་སྣབས་འཕེལ་ཏེ་རྩ་སྦུབས་འགག ཕོ་བའི་གྲང་སྐྲན་སྐྱུགས་དང་ཡི་ག་འཆུས། བད་རླུང་མཁལ་རྐེད་ནད་ལ་ཕན་པ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།