དེ་རིང་ནི2025ལོའི་ཟླ09པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གསེར་མདོག་ལྔ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-05 09:09:50   |   32

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསེར་མདོག་ལྔ་པ།

ཨ་རུ་སྲང་གང་ཞོ་ལྔ། གསེར་མེ་ཞོ་བཞི། སེ་འབྲུ་སྲང་གང་། གར་ནག་སྲང་གང་ཞོ་དོ། བྲག་ཁཎ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

གསེར་མདོག་ལྔ་པ་བཟི་མེད་བསིལ་དྲོད་སྙོམས། མེ་དྲོད་སྟོབས་ཉམས་མཁྲིས་པ་ཕོ་ལོང་ལྷུང་། དེ་དག་རླུང་འཐབ་ཕོ་ལོང་སྦོས་བརྒྱངས་བྱེད། རྣ་རྒྱབ་མིག་སྤྲིན་སེར་ལ་དང་ག་འགག ཟས་སྐོམ་མ་ཞུ་བཙོག་པ་དཀའ་བ་དང་། སྐབས་སུ་མཁྲིས་པ་འཁྲུ་འམ་སྐྱུགས་པ་སོགས། ཁྱད་པར་གྲང་མཁྲིས་ནད་ལ་ཕན་པ་ཡིན། ཐུན་ཚད་ན་ཚོད་ལུས།སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།