དེ་རིང་ནི2025ལོའི་ཟླ09པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གསེར་བྱེ་བརྒྱད་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-09 09:17:24   |   26

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསེར་བྱེ་བརྒྱད་པ།

གསེར་བྱེ་ཞོ་བདུན། སྡིག་སྲིན་ཞོ་བདུན། གཟེ་མ་ཞོ་བརྒྱད། ལྕམ་འབྲུ་ཞོ་བརྒྱད། རྒྱ་ཚྭ་ཞོ་དོ། སུག་སྨེལ་ཞོ་གསུམ། བ་སྤྲུ་ཞོ་བདུན། འབུ་སྐྱོགས་ཞོ་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

གསེར་བྱེ་བརྒྱད་པ་བཟི་མེད་བསིལ་དྲོད་སྙོམས། མཁལ་མའི་ནུས་པ་ཤོར་ནས་དཔྱི་རྐེད་གཟེར། ལྒང་པ་ཆུ་སོར་ཟུག་ཆེ་ཚ་འཁྱུག་བྱེད། གཅིན་པ་འབབ་དཀའ་ཆུ་བསགས་ནད་ལ་ཕན། ཐུན་ཚད་ན་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།