དེ་རིང་ནི2025ལོའི་ཟླ09པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སེ་མེ་རིལ་དཀར་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-11 09:36:32   |   14

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སེ་མེ་རིལ་དཀར།(རིལ་པད།)

སེ་མེ་སྲང་གསུམ། ཅོང་ཞི་ཚ་འདུལ་སྲང་དོ། ཨ་རུ་སྲང་གང་ཞོ་ལྔ། པུཥྐར་མཱུ་ལ་སྲང་གང་། བྲག་ཁཎ་ཞོ་བརྒྱད། རེ་སྐོན་སྲང་གང་། ཧོང་ལེན་སྲང་གང་། སྦྲང་རྩི་ཞོ་བརྒྱད་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

སེ་མེ་རིལ་དཀར་བཟི་མེད་ཅུང་ཟད་བསིལ། སྨུག་པོའི་ནད་དང་མཁྲིས་སྲིན་འཐབ་པ་ཡིས། མགོ་གཟེར་ཞེ་མེར་ལངས་དང་ཁ་ཏིག་ཁ། དང་ག་མི་བདེ་བྲང་ཚ་ཆུ་སྐྱུར་ལངས། ཁྱད་པར་བད་མཁྲིས་མགོ་ནད་སྤྱི་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།