དེ་རིང་ནི2025ལོའི་ཟླ09པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐབ་ཚང་ནང་གི་བདེ་འཇགས་ཉེན་ཁ་འདི་དག་ཁྱེད་ཚང་ན་འདུག་གམ།

2025-09-12 10:24:32   |   16

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


རང་རྒྱལ་གྱི་སྡོད་དམངས་ཀྱིས་སྣུམ་དང་ཚྭ། མངར་ཆ་བཅས་ཀྱི་སྤྱོད་ཚད་མཐོ་ཞིང་བཀོལ་ཡུན་རིང་བའི་འབྱུང་ཁུངས་གཙོ་བོ་ནི་ཐབ་ཚང་ཡིན། ཉེ་ཆར། ཁོ་ཞིན་བཟའ་བཅའ་དང་བདེ་ཐང་ཆ་འཕྲིན་སྤེལ་རེས་ལྟེ་གནས་ཀྱིས་གྲོང་ཁྱེར་བཅུ་ལ་རྟོག་ཞིབ་བྱས་པ་བརྒྱུད་གཤམ་གསལ་གྱི་གནད་དོན་འདི་དག་ཡོད་པ་ཤེས།

图片1.png

གཅིག གཡོས་སྦྱོར་བྱེད་སྐབས་བྲོ་བ་གཙིགས་སུ་འཛིན་སླ་བ།

ཁྱིམ་ཚང་ཕལ་ཆེར་གྱིས་རྒྱུན་དུ་སྐམ་བརྔོས་དང་ངར་བརྔོས། དམར་བཙོས་དང་ལུམས་བཙོས་སོགས་ཚྭ་སྣུམ་འབོར་ཆེན་དགོས་པའི་གཡོས་སྦྱོར་བྱེད་སྟངས་སྤྱོད་བཞིན་ཡོད། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཁྲེན་ཅུན་ཧྲི་ཡིས་རླངས་བཙོས་དང་གྲང་ཚལ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས་པ་དང་། གལ་ཏེ་ཚལ་བརྔོ་བར་བྱེད་ན་བྲོ་རྫས་འདེབས་ཚད་ལ་ཚོད་འཛིན་བྱ་དགོས་ཤིང་། ཁུ་བ་མ་འཐུང་བའི་སྔོན་ལ་ཞག་རྩི་འཕོ་དགོས་པའི་བསམ་འཆར་བཏོན།

གཉིས། བསྙལ་ཚལ་དང་ཅང་བཟའ་རྒྱུ་མང་དྲགས་པ།

བསྙལ་ཚལ་དང་ཅང་ནི་ཁྱིམ་ཚང་གི"མངོན་མེད་ཚྭ"ཡི་འབྱུང་ཁུངས་ཤིག་ཡིན། བརྟག་དཔྱད་ལས་མངོན་པ་ལྟར་ན། འཛད་སྤྱོད་པ་བརྒྱ་ཆའི་ཉི་ཤུ་ཡིས་རྒྱུན་པར་བསྙལ་ཚལ་དང་ཅང་གི་རིགས་ཟ་བཞིན་ཡོད་ཅིང་། ལྷག་པར་དུ་ཉིན་རེར་ཟས་ཀྱི་སྤོད་ཡ་བྱེད། ཀྲུང་གོའི་རིམ་འགོག་ལྟེ་གནས་ཀྱི་འཚོ་བཅུད་ཆེད་མཁས་པས་ཟས་རིགས་དེ་དག་ལ་ནཱ་ཡི་འདུས་ཚད་མཐོ་བས། བེད་སྤྱོད་བྱེད་སྐབས་ཚལ་རིགས་གཞན་དག་གི་ཚྭ་ཡི་ཚད་ཇེ་ཉུང་དུ་གཏོང་དགོས་པར་མ་ཟད། ནཱ་ཉུང་ཚྭ་དང་ཚྭ་ཉུང་ཅང་ཡིའུ་སོགས་སྔོན་ལ་གདམ་དགོས་པའི་དྲན་སྐུལ་བྱས།

གསུམ། ཁྱིམ་ཚང་ཁ་ཤས་ཀྱིས་མངར་ཆ་བཀོལ་ཏེ་ཟས་ཀྱི་བྲོ་བ་སྒྱུར་ཚད་མཐོ་བ།

ཁྱིམ་ཚང་བརྒྱ་ཆའི་ལྔ་བཅུ་ལྷག་གིས་གཡོས་སྦྱོར་བྱེད་སྐབས་མངར་ཆ་བཀོལ་ཞིང་། མངར་སྐྱུར་རྩིབ་ཤ་དང་ཀྲོ་མ་ཀྲུའི་འདག་གུ་སོགས་ཀྱི་མངར་ཆའི་འདུས་ཚད་ཅུང་མཐོ། ཆེད་མཁས་པས་རྒྱུན་ལྡན་དུ་བཀོལ་བའི་བྲོ་རྫས་ལ་མངར་ཆ་ཇེ་ཉུང་དུ་གཏོང་དགོས་པ་དང་། རྒྱུན་པར་མངར་ལྡན་ཟས་རིགས་བཟའ་མི་རུང་ཞིང་མངར་ཁུ་འཐུང་བ་ཇེ་ཉུང་དུ་གཏོང་དགོས་པའི་བསམ་འཆར་བཏོན།

བཞི། སྣུམ་རིགས་ཚོད་འཛིན་གྱི་འདུ་ཤེས་ཞན་པ།

རྟོག་ཞིབ་ལས་མངོན་པ་ལྟར་ན། ཧ་ལམ་ཁྱིམ་ཚང་བརྒྱ་ཆའི་དྲུག་ཅུ་ཙམ་གྱིས་སྲོག་ཆགས་སྣུམ་སྤྱོད་པ་རེད། འོན་ཀྱང་། ཁྱིམ་ཚང་བརྒྱ་ཆའི་སུམ་ཅུ་ཡིས"སྣུམ་སྣོད"སྤྱད་དེ་སྣུམ་གྱི་སྤྱོད་ཚད་ལ་ཚོད་འཛིན་བྱེད། ཆེད་མཁས་མི་སྣས་སྲོག་ཆགས་སྣུམ་ལ་ཚིལ་ཞག་འདུས་ཚད་མཐོ་བས། སྲན་ཆེན་གྱི་སྣུམ་སོགས་རྩི་ཤིང་སྣུམ་ལ་བསྒྱུར་དགོས་པར་མ་ཟད། "སྣུམ་སྣོད"སྤྱད་དེ་སྣུམ་གྱི་སྤྱོད་ཚད་ལ་ཚོད་འཛིན་བྱ་དགོས་པའི་དྲན་སྐུལ་བྱས།


མཉམ་སྤྱོད།