དེ་རིང་ནི2025ལོའི་ཟླ09པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སེ་འབྲུ་བཅུ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-12 11:33:27   |   13

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སེ་འབྲུ་བཅུ་པ།(སེ་འབྲུ་ཉི་དཀྱིལ།)

སེ་འབྲུ་སྲང་དོ་ཞོ་ལྔ། ཤིང་ཚྭ་ཞོ་བདུན། སུག་སྨེལ་ཞོ་བཞི། པི་ལིང་ཞོ་གསུམ། གུར་གུམ་སྲང་གང་། ལྕམ་འབྲུ་ཞོ་བརྒྱད། ཉེ་ཤིང་སྲང་གང་། ལྕ་བ་སྲང་གང་ཞོ་ལྔ། བ་སྤྲུ་སྲང་གང་། གཟེ་མ་སྲང་གང་ཞོ་ལྔ། ཁ་ཚར་རྩ་བ་ལྔའི་ཁཎྜ་སྲང་གང་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སེ་འབྲུ་བཅུ་པ་བཟི་མེད་དྲོད་ཆེ་བས། མེ་དྲོད་སྐྱེད་ཅིང་ལུས་ཟུངས་གསོ་བ་དང་། སྐྱ་རྦབ་འོར་དང་དམུ་ཆུ་ཆུ་སེར་ནད། མཁལ་མའི་དྲོད་ཤོར་ཁུ་བ་ཟད་དང་འཛགས། གཅིན་པ་འབབ་དཀའ་ལྒང་པ་ཆུ་སོར་ཟུག གྲང་འཁྲུ་གྲང་སྙོམས་གྲང་སྲིན་གྲང་རླུང་དང་། ཆུ་སེར་གྲང་བབས་གྲང་བ་གྲུམ་བུའི་ནད། གྲང་བའི་ནད་རིགས་ཀུན་ལ་ཕན་པ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།