དེ་རིང་ནི2025ལོའི་ཟླ09པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གསེར་མདོག་བཅུ་གཅིག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-16 08:55:19   |   16

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསེར་མདོག་བཅུ་གཅིག

ཨ་རུ་སྲང་གང་ཞོ་ལྔ། གར་ནག་སྲང་གང་། སེ་འབྲུ་ཞོ་བརྒྱད། བྲག་ཁཎ་ཞོ་ལྔ། བོང་དཀར་ཞོ་བདུན་སྐར་ལྔ། གསེར་མེ་ཞོ་བཞི། པར་པ་ཏ་ཞོ་བརྒྱད། བྱི་ཏང་ཀ་ཞོ་བདུན། སེ་བའི་མེ་ཏོག་སྲང་དོ། སྨན་ཆེན་ཞོ་བཞི། གླ་རྩི་སྐར་ཕྱེད་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

གསེར་མདོག་བཅུ་གཅིག་བསིལ་དང་བཟི་གཉིས་འབྲིང་། མཁྲིས་སྲིན་དུག་ཐབས་བད་མཁྲིས་མགོ་ནད་དང་། ཕོ་བ་རྒྱུ་མར་ཁྲག་མཁྲིས་ལྷུང་བ་དང་། སྣོད་ཀྱི་མཁྲིས་སྐྲན་མ་ཞུ་མིག་སེར་སེལ། ཁྱད་པར་ཡ་མ་ནག་པོའི་སྲིན་ནད་འཇོམས། ཟ་གཡའ་མིག་སེར་ཀྵ་ཡའི་ནད་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།