དེ་རིང་ནི2025ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྲོག་འཛིན་བཅུ་གཅིག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-17 10:43:33   |   24

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྲོག་འཛིན་བཅུ་གཅིག

ཨར་ནག་སྲང་གང་། ཛཱ་ཏི་ཞོ་བཞི་སྐར་ལྔ། སྙིང་ཞོ་ཞོ་དྲུག ཅུ་གང་སྲང་གང་ཞོ་དོ། སྤོས་དཀར་ཞོ་ལྔ། རུ་རྟ་ཞོ་བརྒྱད། ཨ་རུ་སྲང་དོ་ཞོ་ལྔ། ནཱ་ག་གེ་སར་ཞོ་དྲུག ལི་ཤི་ཞོ་ལྔ། འབྲོང་གི་སྙིང་ཁྲག་ཞོ་ལྔ། ཤིང་ཀུན་ཞོ་གསུམ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སྲོག་འཛིན་བཅུ་གཅིག་བཟི་མེད་ཅུང་ཟད་དྲོད། སྲོག་རྩར་རླུང་ཞུགས་སེམས་འཚབ་ཁོང་ཁྲོ་ཆེ། དོན་མེད་སེམས་སྡུག་ཡང་ན་འཆལ་འཆོལ་མང་། མགོ་འཁོར་སྙིང་འཁྱོམ་མཚན་གཉིད་ཆུང་བ་དང་། ལུས་འདར་དབུགས་རིང་མང་ལ་དབུགས་སྡུད་དཀའ། ཁྱད་པར་སྨྱོ་ལྐུགས་དྲན་མེད་བརྒྱལ་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།