དེ་རིང་ནི2025ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གསུས་སྐྱིའི་གཉན་ཚད།

2025-09-19 14:51:32   |   11

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

དར་ཤའམ་གསུས་སྐྱིའི་གཉན་ཚད་ནི་གསུས་པའི་སྐྱི་ཁོག་ལ་ཚ་བ་ཞུགས་ནས་གཉན་ཁ་རྒྱས་ཏེ་ཆུ་སེར་བསགས་པའི་ནད་ཅིག་ཡིན།

ནད་རྟགས། 

གསུས་པའི་ཁྱོན་ཡོངས་ལ་ན་ཟུག་གཏོང་བ་དང་། གནོན་ཟུག་དང་གྤོད་ཟུག་གཉིས་ཀ་ཡོད་པ། ཁོག་པ་སྦོས་པ། སྐབས་འགར་ཁོག་པ་བཤལ་བ་དང་། སྐབས་འགར་བཤང་བ་འགགས་པ། རྟག་པར་ཚ་བ་རྒྱག་པ་དང་། མཚན་མོར་མལ་སའི་ནང་རྔུལ་ནག་འབྱུང་བ། ནད་ཡུན་རིང་བ། ཤ་སྐམ་པ་དང་གདོང་མདངས་ཉམས་པ། ཟས་ཀྱི་དང་ག་འགགས་པ། ནད་མཇུག་ཏུ་གསུས་ཆུ་གསོག་སྟེ་གསུས་པ་འབུར་བ་དང་། གཞོགས་གང་དུ་ཕབ་པའི་ངོས་སུ་ཡོར་བ་སོགས་འབྱུང་བ་ཡིན།

སྡོན་འགོག

མཁྲིས་ནད་དང་རྒྱུ་ལྷག་གི་ནད། གཅོང་ནད་སོགས་ནད་རིགས་གང་ཡོད་སྔ་མོ་ནས་བཅོས་ཏེ་ནད་གཞུག་མི་ལུས་པར་བྱ་དགོས།

གསོ་ཐབས། 

1 བོད་ལུགས་གསོ་རིག་ལྟར་ན། སྨན་དུ་བཙོ་བཀྲུ་ཟླ་ཤེལ་དང་བྲག་ཁྱུང་། བྲག་ཞུན་དགུ་པ། བྱུ་ཁུད་བདུད་རྩི་སུམ་སྦྱོར། བླ་ཤེལ་བདུད་རྩི་མ་སོགས་རྒྱུན་སྤྱོད་སྨན་སྦྱོར་སྤྱི་དང་། གསུས་ཆུ་བསགས་པ་མང་ན་སྨན་གྱིས་སྐེམ་མི་ཐུབ་པས་ཐུར་མ་འཕངས་ནས་ཕྱིར་འདྲེན་དགོས།

2 ཟས་སྤྱོད་ཀྱིས་བཅོས་པ་ལ། འོ་མ་དང་སྒོང་། ཉ་ཤ་དང་ངང་ཤ་སོགས་རླན་ལ་གནས་པའི་སྲོག་ཆགས་ཀྱི་ཤ ཤིང་ཏོག་དང་སྔོ་ཚལ་གསར་བ་སོགས་རོ་བཅུད་ལྡན་པའི་ཟས་ཀྱིས་བཅོས་པ་དང་། སྤྱོད་ལམ་དལ་བར་འདུག་པ་དང་དྲག་ལས་བྱེད་མི་རུང་།


མཉམ་སྤྱོད།