དེ་རིང་ནི2025ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བསིལ་སྦྱོར་བཅོ་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-22 10:01:04   |   13

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


བསིལ་སྦྱོར་བཅོ་ལྔ།(རྟ་ཟི་དམར་པོ།)

སྨན་ཆེན་ཞོ་ལྔ། རྒྱ་ཚོས་ཞོ་བཞི། བཙོད་ཞོ་ལྔ། སྟག་ཤ་ཞོ་ལྔ། ཚེར་སྔོན་ཞོ་ལྔ། ཧོང་ལེན་ཞོ་ལྔ། སྤང་རྩི་ཞོ་བརྒྱད། ཨ་རུ་སྲང་གང་། གཡའ་ཀྱི་ཞོ་བརྒྱད། རུ་རྟ་ཞོ་བཞི། མ་ནུ་ཞོ་ལྔ། ་བོང་དཀར་ཞོ་བརྒྱད། དུག་ཉུང་ཞོ་གསུམ། གུལ་ནག་ཞོ་ལྔ། གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

བསིལ་སྦྱོར་བཅོ་ལྔ་བཟི་དང་བསིལ་ཆེ་བས། འབྲུམ་ནད་ཚད་པས་གཟེར་ཞིང་མིག་སེར་བ། གག་ལྷོག་གཉན་སྐྲངས་ཚད་རིམས་སྤྱི་སྨན་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


སྐབས་སྔོན་མ། གསུས་སྐྱིའི་གཉན་ཚད།
སྐབས་རྗེས་མ། མེད།
མཉམ་སྤྱོད།