དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སེ་འབྲུ་བཅུ་དྲུག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2025-09-24 08:28:42   |   202

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སེ་འབྲུ་བཅུ་དྲུག (སེ་འབྲུ་ཀུན་བདེ།)

སེ་འབྲུ་སྲང་དོ། ཤིང་ཚྭ་ཞོ་ལྔ། སུག་སྨེལ་ཞོ་དོ། པི་ལིང་ཞོ་གསུམ། གུར་གུམ་ཞོ་བརྒྱད། བྲེ་གའི་འབྲུ་ཞོ་བཞི། སུམ་ཏིག་ཞོ་ལྔ། འུ་སུའི་ལོ་འབྲས་ཞོ་དྲུག ཧོང་ལེན་ཞོ་བཞི། བ་ཤ་ཀ་ཞོ་བཞི། བྲག་ཁཎ་ཞོ་གསུམ། སྤང་རྩི་ཞོ་བཞི། སྐྱུ་རུ་སྲང་གང་། པྲི་ཡང་ཞོ་བདུན། སྡིག་སྲིན་ཞོ་ལྔ། ལྕམ་འབྲུ་ཞོ་བདུན་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སེ་འབྲུ་ཀུན་བདེ་བཟི་མེད་ཅུང་ཟད་དྲོད། ཕོ་བའི་མེ་དྲོད་གསོ་ཞིང་ཟས་ལེན་བྱེད། མ་ཞུ་འཇུ་ཞིང་ཤ་ལྤགས་སྦོས་པ་དང་། མཆིན་ཆུ་འཛག་དང་ཆུ་འགག་སྐྲན་གྱི་ནད། སྐྱ་རྦབ་འོར་དང་དམུ་ཆུའི་ནད་རིགས་དང་། བད་ཀན་མཁལ་མའི་ནད་ལ་ཕན་པ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།